འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་ཁྲི་10ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན། ཧྲན་ཤིས་ཁྲང་ཀྲིར་ཀྲུང་གོ་གྲོང་སྡེ་འཕེལ་རྒྱས་ཡར་སྐུལ་ལྷན་ཚོགས་དང་། ཀྲུང་གོ་ཞིང་ལས་སློབ་ཆེན། ཞིང་པའི་ཉིན་རེའི་ཚགས་པར་ཁང་སོགས་ཚན་པས་གཙོ་གཉེར་བྱས་པའི་སྐབས་བཅུ་པའི་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་གྱི་གླེང་སྟེགས་འཚོགས་པ་རེད། གླེང་སྟེགས་ཐོག་ཡོངས་བསྒྲགས་བྱས་པའི་《2016ནས་2017ལོ་བར་གྱི་ཀྲུང་གོའི་སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་འཕེལ་རྒྱས་སྙན་ཞུའི་》ལ་མངོན་པ་གཞིར་བཟུང་། 2016ལོའི་ལོ་མཇུག་བར་ལས་གནས་སུ་ཡོད་པའི་སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་ཁྲི་10ལྷག་ཙམ་ཟིན་པ་དེ་2015ལོ་ལས་ཅུང་ཆག་ཡོད། འོན་ཀྱང་དངོས་གཞིའི་ཚན་ཁག་གི་སློབ་མ་དང་། ཤེས་རམས་པའི་ཞིབ་འཇུག་སློབ་མ། འབུམ་རམས་པའི་ཞིབ་འཇུག་སློབ་མ་བཅས་ཀྱི་བསྡུར་གྲངས་ཅུང་འཕར་ཡོད། ལས་གནས་སུ་ཡོད་པའི་སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་ལས་སློབ་མ་ཁྲི་5ལྷག་ཙམ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཏུ་བསྐྱོད་པ་དང་། སློབ་མ་9000ལྷག་ཙམ་ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་ཏུ་བསྐྱོད་པ། སློབ་མ་8000ལྷག་ཙམ་གྱིས་ལས་གཏོད་ཀྱི་གདམ་ག་བྱས་ཡོད་པ་རེད།
         སྙན་ཞུའི་ནང་བསྟན་དོན། སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་གདམ་གསེས་གདན་ཞུའི་སྤུས་ཚད་རིམ་བཞིན་ལེགས་སུ་ཕྱིན་པ་དང་། དཔུང་ཁག་གི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ། སྲིད་ཇུས་ཁག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། འགྲོ་རྒྱུག་ཐབས་ལམ་སྔར་བས་སྣ་ཁ་མང་དུ་ཕྱིན་ཡོད། གོམ་སྟབས་རྗེས་མར་སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་གྱི་ཚོགས་སྤྱིར་ལྷག་པའི་མཉམ་འདྲེས་བྱེད་དཀའ་བ་དང་། ལས་དོན་སྒྲུབ་དཀའ་བ། ལས་གཏོད་བྱེད་དཀའ་བ་སོགས་ལ་དམིགས་ནས། ཚན་རིག་དང་མཐུན་པའི་གསོ་སྐྱོང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་དང་རྒྱབ་སྐྱོར་འགན་ལེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།