འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཟློས་གར་ཁང་ཆེ་མོས"དམར་དམག་གི་གླུ་གཞས་ཁག་གསུམ"བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན། “དྲོད་འཇམ་དཔྱིད་རླུང་དལ་གྱིས་ལྡང་། ལོ་ངོ་སྟོང་གི་འཁྱགས་རོམ་རིམ་གྱིས་བཞུར” ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་ཆེད། ཟླ་7ཚེས་28ཉིན་རྒྱལ་ཁབ་ཟློས་གར་ཁང་ཆེ་མོས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་བརྩམས་པའི་ཀྲུང་གོའི་གསར་བརྗེའི་དཔེ་མཚོན་མི་རིགས་གླུ་གར་《འབྲི་ཆུའི་ངོགས་》ཞེས་པ་ཐེངས་དང་པོ་འཁྲབ་སྟོན་བྱས་ཤིང་། དེ་ནི་གསར་རྩོམ་གླུ་གར་《ཧྥང་ཀྲེ་མིན་》དང་《རྒྱང་སྐྱོད་》རྗེས་ཀྱི་ཟློས་གར་ཁང་ཆེ་མོས་བཏོན་པའི་གསར་བརྗེའི་བརྗོད་གཞིའི“དམར་དམག་གི་གླུ་གཞས་ཁག་གསུམ”ཁྲོད་ཀྱི་བརྩམས་ཆོས་གཞན་ཞིག་རེད།
         གླུ་གར་《འབྲི་ཆུའི་ངོགས་》ཞེས་པ་དེའི་ནང་དོན་གྱི་གྲུབ་ཆ་གཙོ་བོ་ནི་དམར་དམག་སྔོན་སྐྱོད་ཐོན་གྱི་ཐོན་ཀྲང་ཅིན་མིང་གི་སྣེ་ཁྲིད་འོག་དགྲ་དམག་གི་འཛིང་རགས་གཏོར་ནས་འབྲི་ཆུ་བརྒལ་ཐུབ་པ་དང་། ནན་ཞིང་དམ་པའི་སྒྲིག་ཁྲིམས་དང་མི་རིགས་ཀྱི་སྲིད་ཇུས་ལས་བོད་རིགས་བུ་མོ་སྒྲོལ་མས་དམར་དམག་ལ་ཐེབས་པའི་གོ་འཛོལ་བསལ་བ། བོད་རིགས་ཡུལ་དཔོན་སངས་རྒྱས་ཀྱི་ཡིད་ཆེས་ཐོབ་ནས་དམར་དམག་གི་སྟོབས་ཤུགས་གཙོ་བོ་མུ་མཐུད་བྱང་ཕྱོགས་སུ་སྐྱོད་ཐུབ་པ་བཅས་ཡིན། འཚོ་བ་དེ་བས་ལེགས་པའི་སྒོ་ནས་ཉམས་ལེན་བྱ་ཆེད། གསར་རྩོམ་ཚོགས་པས་ཡུན་ནན་དུ་དཔྱད་གཞི་ཐེངས་མང་འཚོལ་བསྡུ་བྱེད་པར་བསྐྱོད་ནས་གངས་རི་དང་གཡང་གཟར་གྲོག་རོང་དང་ཁམས་པའི་བོད་རིགས་ཀྱི་རིག་གནས་དང་དམངས་ཁྲོད་སྒྱུ་རྩལ་གྱི་རིག་ཀློང་དང་སྙིང་བཅུད་བསྡུ་ལེན་བྱས་པ་དང་འབྲེལ་འཚོལ་བསྡུ་བྱས་པའི་མཐོང་ཐོས་མྱོང་གསུམ་བརྩམས་ཆོས་ནང་བཅུག་ཡོད་པ་རེད།
         གླུ་གར་བཟོ་བཅོས་བྱེད་པའི་བརྒྱུད་རིམ་ནང་འཁྲབ་གཞུང་རྩོམ་མཁན་ཧྥེང་པོ་མིང་དང་ཧྥེང་པི་ལེས་མ་རྩོམ་ལ་བརྩི་འཇོག་གང་ལེགས་ཀྱི་རྨང་གཞིའི་ཐོག་གླུ་གར་སྒྱུ་རྩལ་གྱི་ཁྱད་ཆོས་གཞིར་བཟུང་། རོལ་དབྱངས་རང་བཞིན་དང་གླུ་གར་རང་བཞིན་ཟབ་ཏུ་བཏང་བ་དང་འབྲེལ་གསོན་ཉམས་དོད་པའི་མི་སྣ་དང་མི་སེམས་འགུལ་བའི་གནས་ཚུལ་ཐོག་ནས་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་དམག་དམངས་ཀྱི་ཉ་ཆུའི་ལྟ་བུའི་བརྩེ་སེམས་མངོན་ཡོད། འཁྲབ་གཞུང་རྩོམ་མཁན་ཧྥེང་པོའོ་མིང་གིས“མི་རིགས་ཅན་ནི་ཀྲུང་གོའི་མི་སེར་གྱི་མཛེས་དཔྱོད་་གོམས་གཤིས་དང་མཐུན་པ་བྱ་རྒྱུ་དེ་རེད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།