འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་ངར་ལྕགས་ཁེ་ལས་15སྒོ་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་སྟོད་དུ་ཀན་སུའུ་ཞིང་ཆེན་གྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བས“ཐོན་ནུས་གཅོག་པ་དང་། མཛོད་ཉར་འཕྲི་བ། འདེཌ་ཤིང་མེད་པ་བཟོ་བ་དང་། མ་གནས་དམའ་རུ་གཏོང་བ། ཞན་ཆ་གསབ་པ”བཅས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
         ཐོན་ནུས་གཅོག་པའི་ཐད་ཐོན་ནུས་ཏུན་ཁྲི་39ཟིན་པའི་རྡོ་སོལ་གཏེར་ཁ་སྔོག་ས་3མེད་པ་བཟོས་པ་དང་། ངར་ལྕགས་ཁེ་ལས་15སྒོ་བརྒྱབ་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀན་སུའུ་ཡིས་མིག་སྔར་ཁེ་ལས་15ཡི་བྱེད་པོའི་སྒྲིག་ཆས་དང་། གློག་གནོན་སྒྱུར་ཆས། རྡུལ་སེལ་འཕྲུལ་ཆས། བཀོལ་སྤྱོད་ལས་སྟེགས་བཅས་དང་དེའི་འཁོར་ལམ་རྦད་དེ་མེད་པ་བཟོ་བའི་ལས་དོན་ལེགས་སྒྲུབ་བྱས་ཤིང་། མཛོད་ཉར་འཕྲི་བའི་ཐད་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཁྲོད་ཐོན་སྐྱེད་སྒྲུབ་རྫས་ཀྱི་མ་དངུལ་སྒོར་དུང་ཕྱུར་438.3མཛོད་ཉར་བྱས་པ་དེ་དུས་མཚུངས་ལས་10.2%ཆག་པ་དང་། ཚོང་སྒྱུར་ཁང་པ་མེད་པ་བཟོ་བའི་དུས་འཁོར་ཟླ་13.46བར་ཆག་པ་དང་མཛོད་ཉར་སྤྱི་འབོར་ལུགས་མཐུན་གྱི་བར་མཚམས་སུ་སླེབས་པ། འདེགས་ཤིང་མེད་པ་བཟོ་བའི་ཐད་ཟླ་དང་པོ་ནས་ལྔ་པ་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་མ་རྩ་བུ་ལོན་ཟུག་ཚད་65.6%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.2ཆག་ཡོད། མ་གནས་དམའ་རུ་གཏོང་བའི་ཐད་ཟླ་དང་པོ་ནས་ལྔ་པ་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཉེར་སྐྱོང་ལས་སྒོ་གཙོ་བོའི་ཡོང་འབབ་སྒོར་བརྒྱ་རེའི་མ་གནས་སྒོར་86.5ཟིན་པ་དེ་དུས་མཚུངས་ལས་སྒོར་0.4ཆག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།