འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་ལམ་གྱི་རྒྱལ་སྤྱིའི་ཡིད་དབང་འགུག་ཤུགས་རྒྱུན་ཆད་
    མེད་པར་ཆེ་རུ་འགྲོ་བཞིན་ཡོད་པ།

    དབྱིན་ཇིའི་ནུ་སིན་པི་ཡ་སློབ་ཆེན་ཉིའུ་ཁ་སི་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཞུང་ཡུས་ལ་བཅར་འདྲི་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན་ཀྲུང་གོའི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་འདི་ལོའི་ལོ་སྟོད་ཀྱི་ཀྲུང་གོའི་དཔལ་འབྱོར་འབྲིང་སྟོད་ངང་འཕར་བ་རྒྱུན་འཁྱོངས་བྱུང་བ་དང་། རྒྱལ་ནང་གི་ཐོན་སྐྱེད་བསྡོམས་འབོར་(GDP)དུས་མཚུངས་ལས་6.9%འཕར་བ་ཁྱབ་བསྒྲགས་བྱས་ཡོད། ཉིན་ཤས་གོང་དབྱིན་ཇིའི་ནུ་སིན་པི་ཡ་སློབ་ཆེན་ཉིའུ་ཁ་སི་ཚོང་ལས་རིག་པ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཞུང་ཡུས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ལམ་བུར་ཞིབ་འཇུག་བྱེད་པར་སྐུལ་མ་ཐེབས་ནས་དེ་བས་ཤེས་རྟོགས་དང་ཀྲུང་གོའི་འཕེལ་རྒྱས་ཀྱི“མྱུར་བགྲོད་རླངས་འཁོར”དུ་སྡོད་རེ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་ཐོག་གི་ཀྲུང་གོའི“ཧྥེན་སི”ཡི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་བཤད།
          ཞུང་ཡུས་ཀྱིས་ཀྲུང་གོའི་དཔལ་འབྱོར་ལོ་སུམ་ཅུ་ལྷག་ཙམ་རིང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་བརྒྱུད་རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་ཧྲིལ་པོ་རིམ་གྱིས་སྟོབས་ཆེར་ཕྱིན་པ་དང་འབྲེལ་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པའི་གནས་བབ་བཟུང་ཡོད་མོད། འོན་ཀྱང་མིག་སྔའི་དཔལ་འབྱོར་སྤྱི་འབོར་འོག་ལོ་སྟོད་དུ་ཀྲུང་གོའི་དཔལ་འབྱོར་6.9%ཡི་ཐོག་ནས་བརྟན་པོའི་ཁྲོད་ལེགས་སུ་ཕྱིན་ཏེ་འཛམ་གླིང་གིས་སླང་ཡར་ལྟ་སྟངས་གསར་པ་འཛིན་ཡོད་ཅེས་བཤད།
          འདི་ནི་གསར་དུ་བཏོན་པའི་འདི་ལོའི་དུས་ཚིགས་གཉིས་པའི་ཀྲུང་གོའི་དཔལ་འབྱོར་གྱི“གྲུབ་འབྲས་རེའུ་མིག”ཡིན་པ་སྟེ། དཔལ་འབྱོར་འཕར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.2ཡིས་མགྱོགས་པ་ཡོད་པ་དང་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་སྔོན་དཔག་བྱས་པ་ལས་ལེགས་པ་བྱུང་སྟེ་ཀྲུང་གོའི་དཔལ་འབྱོར་འཕར་ཚད་དུས་ཚིགས་བརྒྱད་བསྟུད་མར་6.7%ནས་6.9%བར་རྒྱུན་འཁྱོངས་ཐུབ་ཡོད། དོན་དེར་ཞུང་ཡུས་ཀྱིས་དེང་སྐབས་འཛམ་གླིང་དཔལ་འབྱོར་དུས་བབ་བརྟན་པོ་མེད་པའི་གནས་ཚུལ་འོག་ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་པ་དེ་ལག་ལེན་བསྟར་ཆོག་པ་ཞིག་ཡིན་པ་མ་ཟད་བཀྲག་མདངས་འཚེར་ས་ཞིག་ཀྱང་རེད་ཅེས་བཤད།
         གྲངས་གཞི་ལས་མངོན་པར་ལོ་སྟོད་དུ་ཀྲུང་གོའི་རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12932ཟིན་པ་ལས་རིན་གོང་གི་རྒྱུ་རྐྱེན་ཕུད་དོན་དུ་7.3%འཕར་བ་དེ་6.9%ཡིGDPཡི་མྱུར་ཚད་ལས་བརྒྱ་ཆའི་གྲངས་0.4ཡིས་མཐོ་བ་ཡོད་། དུས་ཚིགས་དང་པོའི་རྗེས་གྲོང་མིའི་ཡོང་འབབ་འཕར་ཚད་དེ་GDPལས་སླར་ཡང་མགྱོགས་པ་བྱུང་ཡོད།
         ཞུང་ཡུས་ཀྱིས་ད་ལྟའི་དུས་མཚམས་སུ་ཐོབ་པའི་ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་དང་འབྲེལ་མ་འོངས་ཀྱི་དུས་མཚམས་རིང་པོ་ཞིག་རིང་ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་མཁན་གྱི་རྒྱལ་ཁབ་ཆེ་ཤོས་དེ་རེད་ཅེས་བཤད།
         ཞུང་ཡུས་ཀྱིས་ཀྲུང་གོའི་རིན་ཐང་ལྟ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསམ་ཤེས་དང་མཐོང་ཆེན་བྱེད་བཞིན་ཡོད། ཨ་རིས་ཚོང་དོན་ལ་སྲུང་སྐྱོབ་བྱེད་པའི་མཚམས་སུ་དེ་མིན་རྒྱལ་ཁབ་ཁ་ཤས་ཀྱིས་སྒོ་འབྱེད་རྣམ་པའི་འཕེལ་རྒྱས་ཀྱི་བྱེད་ཐབས་ནི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡིན་པའི་ངོས་འཛིན་ཐུབ་ནས་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་འཚོལ་ཞིབ་བྱེད་པ་ནི་རྒྱལ་ཁབ་མང་པོ་ཞིག་གིས་མིག་སྔའི་རྙོག་འཛིང་ཆེ་བའི་དཔལ་འབྱོར་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་འབའ་ཞིག་ཏུ་གྱུར་པའི་ངོས་འཛིན་བྱེད།
      

    ཕྱོགས་བསྡུས་གསར་འགྱུར།