འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐུ་ཚབ་ཀྱིས་དུག་སྲིན་འགོག་སྨན་གྱི་སྨན་ནུས་མི་ཐོན་པའི་རང་བཞིན་གྱི་གནད་དོན་
    ནི་གོ་ལ་ཧྲིལ་པོའི་འགྲན་རྩོད་ཅིག་རེད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་31ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ལིའུ་ཅེ་དབྱིས་དུག་སྲིན་འགོག་སྨན་གྱི་སྨན་ནུས་མི་ཐོན་པའི་རང་བཞིན་གྱི་གནད་དོན་ནི་གོ་ལ་ཧྲིལ་པོའི་འགྲན་རྩོད་ཅིག་ཡིན་པས་རྒྱལ་ཁབ་སུ་འདྲ་ཞིག་གིས་ཀྱང་ཁེར་རྐྱང་དུ་ཁ་གཏད་གཅོག་ཁག་པོ་ཡོད། རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་མཉམ་ལས་གཉིས་ཁེའི་སྙིང་སྟོབས་ལ་བརྟེན་ནས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་པ་རེད།
          ལིའུ་ཅེ་དབྱིས“དུག་སྲིན་འགོག་སྨན་གྱི་སྨན་ནུས་མི་ཐོན་པའི་རང་བཞིན་གྱི་གནད་དོན་རོགས་ཟླའི་ཚོགས་ཆུང”འཛུགས་པའི་སྣེ་ལེན་ཚོགས་འདུའི་ཐོག་ཤིས་ཚིག་སྒྲོན་སྐབས་རྒྱལ་ཁབ་ཁག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་《དུག་སྲིན་འགོག་སྨན་གྱི་སྨན་ནུས་མི་ཐོན་པའི་རང་བཞིན་གྱི་གནད་དོན་གྱི་གོ་ལ་ཧྲིལ་པོའི་བྱ་སྤྱོད་འཆར་གཞི་》དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་དུག་སྲིན་འགོག་སྨན་གྱི་སྨན་ནུས་མི་ཐོན་པའི་རང་བཞིན་གྱི་གནད་དོན་གྱི་རིམ་མཐོའི་ཚོགས་འདུའི་《ཆབ་སྲིད་ཀྱི་བསྒྲགས་གཏམ་》ལག་ལེན་ཏན་ཏིག་བསྟར་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རྒྱུར་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་རོགས་རམ་བྱས་ནས་དེའི་དུག་སྲིན་འགོག་སྨན་གྱི་སྨན་ནུས་ཟློག་པའི་རང་བཞིན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས་ཞེས་གསུངས།
         ཁོང་གིས་རྒྱལ་ཁབ་ཁག་གིས་སྲོལ་རྒྱུན་སྨྱན་སྦྱོར་དང་སྤྱི་ཚོགས་ཀྱི་འབྲེལ་བའི་སྨྱན་སྦྱོར་བརྒྱུད་དུག་སྲིན་འགོག་སྨན་གྱི་སྨན་ནུས་མི་ཐོན་པའི་རང་བཞིན་གྱི་གནད་དོན་གྱི་ཚབས་ཆེའི་རང་བཞིན་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས་དམངས་ཚོགས་ཚོས་དུག་སྲིན་འགོག་སྨན་ལ་ཤེས་རྟོགས་དང་བེད་སྤྱོད་ཡང་དག་གཏོང་དགོས། དུག་སྲིན་འགོག་སྨན་གྱི་སྨན་ནུས་མི་ཐོན་པའི་རང་བཞིན་གྱི་གནད་དོན་དེ་སློབ་གྲྭའི་སློབ་ཚན་ནང་བཅུག་སྟེ་གཞོན་ནུ་ལོ་ཆུང་ལ་ཆུང་ངུའི་དུས་ནས་ཚན་རིག་དང་མཐུན་པའི་ངང་དུག་སྲིན་འགོག་སྨན་སྤྱོད་པའི་གོམས་གཤིས་འཇགས་རྒྱུར་རོགས་རམ་བྱེད་དགོས་ཞེས་གསུངས།
         ལིའུ་ཅེ་དབྱིས་རྒྱལ་ཁབ་ཁག་གིས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གོ་སྐབས་སུ་བཟུང་ནས་དབུལ་ཕོངས་དང་བཀྲེས་ལྟོགས་ཀྱི་གནད་དོན་ཧུར་ཐག་བསལ་ཏེ་དམངས་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་ཤུགས་སྣོན་རྒྱག་པ་དང་། བདེ་ཐང་དང་། སྨན་བཅོས། ཁོར་ཡུག་འཕྲོད་བསྟེན་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འགོས་ནད་འཕེལ་བ་དང་མ་མཆེད་སྔོན་འགོག་བཅས་བྱས་ནས་དུག་སྲིན་འགོག་སྨན་བེད་སྤྱོད་རྩ་བའི་ཆ་ནས་ཉུང་དུ་གཏོང་དགོས་ཞེས་གསུངས།
         ཁོང་གིས་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་སྲིད་ཇུས་དང་མ་དངུལ་ལ་སྐུལ་ལྕག་བྱ་ཐབས་དེ་བས་མང་བ་སྤྱད་དེ་སྨན་རྫས་ཁེ་ལས་དང་ཚན་ཞིབ་སྒྲིག་གཞིས་དུག་སྲིན་འགོག་སྨན་དང་། རིམས་འགོག་སྨན་ཁབ། མགྱོགས་མྱུར་ནད་བརྟག་ལག་རྩལ་བཅས་ཞིབ་འཇུག་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་ལུགས་སྨན་རྫས་ཚུད་པའི་སྲོལ་རྒྱུན་གྱི་གསོ་རིག་གསར་སྤེལ་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་འགོས་ནད་བཅོས་པའི་ཐད་ཀྱི་དེའི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས།
          ལིའུ་ཅི་དབྱིས་ཀྲུང་གོས་དུག་སྲིན་འགོག་སྨན་གྱི་སྨན་ནུས་མི་ཐོན་པའི་རང་བཞིན་གྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་《དུག་སྲིན་འགོག་སྨན་གྱི་སྨན་ནུས་མི་ཐོན་པའི་རང་བཞིན་གྱི་གནད་དོན་གྱི་གོ་ལ་ཧྲིལ་པོའི་བྱ་སྤྱོད་འཆར་གཞི་》དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་དུག་སྲིན་འགོག་སྨན་གྱི་སྨན་ནུས་མི་ཐོན་པའི་རང་བཞིན་གྱི་གནད་དོན་གྱི་རིམ་པ་མཐོ་བའི་ཚོགས་འདུའི་《ཆབ་སྲིད་ཀྱི་བསྒྲགས་གཏམ་》དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད་ཅེས་གསུངས།
          མིག་སྔར་ཧྥིང་ལན་དང་། ཝེ་ཐེ་ནམ། ཨ་ཀེན་ཐིན། ཨོ་སི་ཁྲུ་ལི་ཡ། ཨེ་ཙེ་ཨོ་ཕི་ཡ་སོགས་རྒྱལ་ཁབ“དུག་སྲིན་འགོག་སྨན་གྱི་སྨན་ནུས་མི་ཐོན་པའི་རང་བཞིན་གྱི་གནད་དོན་རོགས་ཟླའི་ཚོགས་ཆུང”ལ་ཞུགས་ཡོད་པ་དང་། ཀྲུང་གོ་དང་། ཀག་ན། མོ་ཞི་ཁོ། ལྷོ་ཨ་ཧྥེ་རི་ཁ། དབྱིན་ཇི་བཅས་རྒྱལ་ཁབ་ལྔ་ཡིས་ཐུན་མོང་ཀྲུའུ་ཞིའི་འགན་འཁུར་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།