འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བཅའ་ཁྲིམས་རོགས་སྐྱོར་ཤེས་བྱའི་སློབ་ཁྲིད་བྱས་ཏེ་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་
    པའི་ཞིང་འབྲོག་པའི་འདུ་ཤེས་ཟབ་ཏུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་མདོ་ལ་རྫོང་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་ཁྲིམས་རྩོད་པ་དང་བཅའ་ཁྲིམས་ཁྱབ་གདལ་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་ཤང་དུ་བསྐྱོད་དེ“བཅའ་ཁྲིམས་རོགས་སྐྱོར་ཤེས་བྱའི་སློབ་ཁྲིད་ཚོགས་ཆུང་གིས་གཞི་རིམ་གྱི་ཞིང་འབྲོག་པར་བཅའ་ཁྲིམས་སློབ་ཚན་ཁྲིད་པའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
         ཁྲིམས་རྩོད་པ་3དང་ཁྲིམས་འཛིན་ཅུས་ཀྱི་བཅའ་ཁྲིམས་ཁྱབ་གདལ་རྐང་འཛིན་པ་2ལས་གྲུབ་པའི་སློབ་ཁྲིད་ཚོགས་ཆུང་གིས་མདོ་ལ་རྫོང་གཡེར་ལུང་ཤང་དང་། མུ་རི་གྲོང་རྡལ། ཨ་རིག་ཤང་སོགས་ཤང་དང་གྲོང་རྡལ་7ལ་སྔ་རྗེས་སུ་བསྐྱོད་དེ་སློབ་ཁྲིད་དང་དྲིལ་བསྒྲགས་བྱས་པ་རེད། ས་ཆ་རེར་སླེབས་རིམ་བཞིན་ཁོངས་མིས་སློབ་ཁྲིད་བྱེད་སྟངས་སྤྱད་དེ་མི་རེར་སློབ་ཚན་སྐར་མ་15འཁྲིད་ཀྱི་ཡོད། སློབ་ཁྲིད་ཀྱི་གཞི་ཁྱོན་ཆུང་བ་དང་། རྣམ་པ་མང་བ། ལྟ་ཕྱོགས་གསར་པ་ཡིན་པ། ནང་དོན་གོ་ཆོད་པ། སྟོང་གཏམ་ཉུང་བས་དྲིལ་བསྒྲགས་ལ་ཕན་འབྲས་བཟང་པོ་ཐོན་ཡོད།
         ཁྲིམས་རྩོད་པའི་ཁོངས་མིས་ཇི་ལྟར་བྱས་ཏེ་བཅའ་ཁྲིམས་རོགས་སྐྱོར་གྱི་ཕྱོགས་སྟོན་དང་གཏུག་བཤེར་ཁྲོད་དཔང་རྟགས་ཉར་དགོས་པ་དང་ཇི་ལྟར་བྱས་ནས་བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་བྱེད་དགོས་པ་བརྗོད་གཞིར་བྱས་ཏེ་བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་བྱེད་ཁོངས་དང་། བཅའ་ཁྲིམས་རོགས་སྐྱོར་རེ་ཞུ་བྱེད་པར་འབུལ་དགོས་པའི་དཔྱད་གཞིའི་ཡིག་ཆ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་སོགས་ཕྱོགས་ཁ་ཤས་ལ་དམིགས་ཏེ་དཔེ་མཚོན་གྱོད་དཔེ་བརྗོད་པ་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་བཅའ་ཁྲིམས་རོགས་སྐྱོར་གྱི་འབྲེལ་ཡོད་ཤེས་བྱ་སློབ་པ་རེད། མདོར་བསྡུས་དང་། ཞིབ་ཚགས་པའི་འགྲེལ་བཤད་བརྒྱབ་པ་བརྒྱུད། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་ལ་ཤེས་རྟོགས་ཟབ་མོ་བྱུང་བ་མ་ཟད། ད་དུང་བཅའ་ཁྲིམས་རོགས་སྐྱོར་གྱི་ཁྱབ་ཁྱོན་ཡང་ཆེ་རུ་ཕྱིན་ནས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པའི་ཞིང་འབྲོག་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།