འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་རན་དང་ཡོ་རོབ་མནའ་འབྲེལ་གྱིས་ཉིང་རྡུལ་བདེ་འཇགས་ཀྱི་མཉམ་ལས་རྣམ་གྲངས་
    འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། དབྱི་རན་དང་ཡོ་རོབ་མནའ་འབྲེལ་གྱིས་ཉིང་རྡུལ་བདེ་འཇགས་ཀྱི་མཉམ་ལས་རྣམ་གྲངས་ཤིག་མཉམ་འབྲེལ་ཐོག་འགོ་བཙུགས་པ་རེད།
         དབྱི་རན་གྱི་《ནོར་དཔལ་གླེང་སྟེགས་ཚགས་པར་》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་དབྱི་རན་གྱི་ཉིང་རྡུལ་བདེ་འཇགས་ལྟེ་གནས་ཀྱི་ཀྲུའུ་རེན་སཱ་ལི་ཤི་ཡིས་འཚམས་འདྲིར་ཕེབས་པའི་ཡོ་རོབ་མནའ་འབྲེལ་ཉིང་རྡུལ་བདེ་འཇགས་སྡེ་ཚན་གྱི་འགན་ཁུར་བ་ཨའོ་ལི་ཝུའེ་ཨར·ལུའུ་དབྱི་ཁེ་སི་དང་གྲོས་མོལ་བྱས་རྗེས་ཕྱོགས་གཉིས་པོའི་ཉིང་རྡུལ་བདེ་འཇགས་ཀྱི་མཉམ་ལས་རྣམ་གྲངས་འགོ་བཙུགས་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། རྣམ་གྲངས་དེར་ཨ་སྒོར་ཁྲི་285ཙམ་བཏང་བ་རེད།
         རྣམ་གྲངས་དེ་ནི་དབྱི་རན་དང་ཡོ་རོབ་མནའ་འབྲེལ་གྱིས་2016ལོར་མིང་རྟགས་བཀོད་ནས་གྲོས་འཆམ་བྱུང་བའི་དངུལ་གྲངས་བསྡོམས་འབོར་ཨ་སྒོར་ཁྲི་570ཟིན་པའི་མཉམ་ལས་རྣམ་གྲངས་མང་པོའི་ཆ་ཤས་ཤིག་རེད། དེའི་དམིགས་ཡུལ་ནི་ཉིང་རྡུལ་བདེ་འཇགས་ལྟེ་གནས་འཛུགས་སྐྲུན་སོགས་དབྱི་རན་ཕྱོགས་ཁག་གི་ཉིང་རྡུལ་བདེ་འཇགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།