འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཕ་རྒྱལ་ཁབ་གཉིས་པོས་རང་བྱུང་གནོད་འཚེའི་ཉེན་ཁ་དང་གནོད་འཚེ་ཉུང་གཏོང་
    གི་རྒྱལ་སྤྱིའི་མཉམ་ལས་ལ་བགྲོ་གླེང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། “རྒྱུད་གཅིག་ལམ་གཅིག”དང་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་བར་ཁྱམས་ཀྱི་རང་བྱུང་གནོད་འཚེའི་ཉེན་ཁ་དང་ཕྱོགས་བསྡུས་གནོད་འཚེ་ཉུང་གཏོང་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཚེས་17ཉིན་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོ་རུ་འཚོགས་པ་རེད། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་ཚན་ཞིབ་ལས་དོན་པས་ཁྱབ་ཁོངས་དེར་བྱས་པའི་མཉམ་ལས་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད་ཅེས་བརྗོད།
         ད་རེས་ཀྱི་བགྲོ་གླེང་ཚོགས་འདུ་ཀྲུང་གོ་ཚན་རིག་ཁང་དང་ཕ་ཁི་སི་ཐན་ཚན་རིག་ཁང་གིས་མཉམ་དུ་སྤེལ་བ་ཞིག་དང་དུས་ཡུན་ཉིན་2རེད། ཀྲུང་གོ་དང་། ཕ་ཁི་སི་ཐན། ཨུ་རུ་སུ། དབྱི་ཐ་ལི་སོགས་རྒྱལ་ཁབ་ཀྱི་ཚན་ཞིབ་ཚན་པ་20ལྷག་ཙམ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་100ལྷག་ཙམ་ཚོགས་འདུར་ཕེབས་ཏེ་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་བར་ཁྱམས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཁྱབ་ཁོངས་ཀྱི་འགག་རྩའི་གནད་དོན་ལ་དམིགས་ཏེ་བགྲོ་གླེང་བྱས་པ་རེད།
         བགྲོ་གླེང་ཚོགས་འདུའི་རིང་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་བར་ཁྱམས་ཀྱི་རང་བྱུང་གནོད་འཚེ་གྲུབ་པའི་ལམ་སྲོལ་དང་། རང་བྱུང་གནོད་འཚེའི་ཉེན་ཁ་ཚོད་སྐོར་དང་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ། རང་བྱུང་གནོད་འཚེའི་གྲངས་གཞིའི་མཛོད་དང་ཆ་འཕྲིན་མཉམ་སྤྱོད། གནོད་འཚེ་ཉུང་གཏོང་གི་འཐབ་ཇུས་དང་འགག་རྩའི་ལག་རྩལ། རང་བྱུང་གནོད་འཚེའི་ཉེན་ཁ་དོ་དམ་དང་གེགས་རྗེས་བསྐྱར་སྐྲུན་སོགས་ཀྱི་གནད་དོན་ལ་སྤེལ་རེས་གཏིང་ཟབ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།