འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བྷེ་ཨུ་རུ་སུའི་རྐང་འཁོར་རུ་ཁག་གི་བདམས་ཐོན་པར་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་
    གྱི་འགྲན་དུམ་གསུམ་པའི་ཨང་དང་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། 2017ལོའི་སྐབས་བཅུ་དྲུག་པའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་འགྲན་དུམ་གསུམ་པ་སྟེ། མདོ་པ་ནས་ཁྲི་ཀ་བར་གྱི་རི་མཐོའི་འགྲན་ཁུལ་དུ་སྤེལ་ཡོད། བྷེ་ཨུ་རུ་སུའི་མིང་སེ་ཁེ་རུ་ཁག་གི་བདམས་ཐོན་པ་སི་ཐན་ཉི་སི་ལའོ·པ་ཙི་ཁུའུ་ཡིས་ཚོགས་པ་ཆུང་ངུའི་ཁྲོད་ནས་ཨང་དང་པོ་བླངས་པ་མ་ཟད་སྣེ་ཁྲིད་མཁན་གྱི་སྟོད་གོས་སེར་པོའང་རག་ཡོད།
         ཆུ་ཚོད་3རིང་ཛ་དྲག་འགྲན་བསྡུར་བྱས་པ་བརྒྱུད། མཐར་སྨི་200ཡི་གདོང་མཆོང་བྱས་རྗེས་སི་ཐན་ཉི་སི་ལའོ·པ་ཙི་ཁུའུ་ཡིས་ཆུ་ཚོད་3དང་སྐར་མ་05དང་སྐར་ཆ་42ཀྱི་གྲུབ་འབྲས་ཐོག་ནས་འགྲན་དུམ་གསུམ་པའི་ཨང་དང་པོ་བླངས་ཡོད། མཚོ་སྔོན་ཐེན་ཡིའུ་ཏེ་རུ་ཁག་གི་ཆའོ་ན་སེན·མོང་སའེ་ཕུའུ་དང་ཁ་རེ་ཤེ་ཡའི་མོ་ལིས་ཏི་ཡ་ན་རུ་ཁག་གི་ཏ་ཝུའེ་ཏེ་ཨང་གཉིས་པ་དང་གསུམ་པར་སླེབས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།