འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་ཁ་འབྲལ་རྒྱུའི”གྲོས་མོལ་རེས་སྐོར་གཉིས་པར་
    སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་ཁ་འབྲལ་རྒྱུའི”རེས་སྐོར་གཉིས་པའི་གྲོས་མོལ་ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་གྱི་སྔ་དྲོ་པུ་རུ་སེར་གྱི་ཡོ་རོབ་མནའ་འབྲེལ་ཨུ་ལྷན་སྤྱི་ཁྱབ་པུའུ་རུ་བྱས་ཤིང་། གྲོས་མོལ་བྱེད་མཁན་ཕྱོགས་གཉིས་ཀྱིས་མ་འོངས་ཉིན་4ཡི་རིང“ཡོ་རོབ་མནའ་འབྲེལ་ནས་ཁ་འབྲལ་བའི་འགྲོ་གྲོན”དང་། སྤྱི་དམངས་ཀྱི་ཁེ་དབང་། ཨིར་ལན་བྱང་མའི་མཐའ་མཚམས་དབྱེ་བ་སོགས་ལྟེ་བའི་གྲོས་གཞིར་གྲོལ་མོལ་བྱ་རྒྱུ་ཡིན་པ་རེད།
         ད་ཐེངས་ཀྱི་གྲོས་མོལ་ལ“མཐུན་སྦྱོར་མི་སྣའི་ཚོགས་འདུ”དང“གྲོས་མོལ་ཚོགས་ཆུང་གི་ཚོགས་འདུ”ཞེས་རིམ་པ་གཉིས་ལ་ཕྱེ་ཡོད། དེའི་ནང་སྤྱི་དམངས་ཀྱི་ཁེ་དབང་དང་། ནོར་དོན་གཙང་རྩིས། དེ་བཞིན་དེ་མིན་གྱི“ཁ་འབྲལ་བའི”གྲོས་གཞི་དག་གྲོས་མོལ་ཚོགས་ཆུང་3གྱིས་འགན་འཁུར་རྒྱུར་སྤྲད་ཡོད། ཨེར་ལན་བྱང་མའི་མཐའ་མཚམས་དབྱེ་བ་དང་དེ་བཞིན“ཡོ་རོབ་མནའ་འབྲེལ་ནས་ཁ་འབྲལ་རྒྱུའི”གྲོས་མོལ་གྱི་ལྟ་སྐུལ་དོ་དམ་གྲོས་གཞི་མཐུན་སྦྱོར་མི་སྣའི་ཚོགས་འདུས་འགན་འཁུར་རྒྱུ་ཡིན་པ་རེད།
         ད་ཐེངས་ཀྱི་གྲོས་མོལ་ནི་ཕྱོགས་གཉིས་དབར་གལ་ཆེ་ལ་ངོ་བོའི་རང་བཞིན་ལྡན་པའི་གྲོས་མོལ་ཞིག་ཡིན་པས། ཕྱི་ཕྱོགས་ཀྱི་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེའི་ནང་གླེང་ཆེ་ཤོས་ནི་ཕྱོགས་གཉིས་པོས་འགལ་ཟླར་མོས་མཐུན་ཡོང་མིན་དང་ལྟེ་བའི་གྲོས་གཞིར་གྲུབ་འབྲས་ཐོབ་མིན་དེ་རེད།
         དབྱིན་ཇིས་ཟླ་3ཚེས་29ཉིན་ཡོ་རོབ་མནའ་འབྲེལ་ལ“ཡོ་རོབ་མནའ་འབྲེལ་ནས་ཁ་འབྲལ་རྒྱུའི”སྙན་སེང་ཡི་གེ་བསྐྱལ་བ་ལས་ཡོ་རོབ་མནའ་འབྲེལ་ལ་ཞུགས་ནས་ལོ་44སོང་རྗེས་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་འདོན་མཁན་ཁོངས་མིའི་རྒྱལ་ཁབ་དང་པོར་གྱུར་ཡོད། ཟླ་6ཚེས་19ཉིན་དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་གྱིས་པུ་རུ་སེར“ཡོ་རོབ་མནའ་འབྲེལ་ནས་ཁ་འབྲལ་རྒྱུའི”གྲོས་མོལ་བྱས་པ་རེད། ཡོ་རོབ་མནའ་འབྲེལ་གྱི་བཅའ་ཁྲིམས་གཞིར་བཟུང་ཡོ་རོབ་མནའ་འབྲེལ་དང་དབྱིན་ཇིས་ལོ་གཉིས་ཀྱི་དུས་ཚོད་དེ། 2019ལོའི་ཟླ་3ཚེས་29ཉིན་གོང“ཡོ་རོབ་མནའ་འབྲེལ་ནས་ཁ་འབྲལ་རྒྱུའི”གྲོས་མོལ་ལེགས་གྲུབ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།