འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།《བོད་ལྗོངས་རྩོམ་རིག་》དུས་དེབ་བཏོན་ནས་ལོ་40འཁོར་བའི་རིམ་སྤེལ་བྱེད་
    སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་འཚོགས་པའི་རིག་རྩལ་བྱེད་སྒོའི་རྣམ་གྲངས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་《བོད་ལྗོངས་རྩོམ་རིག་》དུས་དེབ་བཏོན་ནས་ལོ་40འཁོར་བའི་རིམ་སྤེལ་རིག་རྩལ་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། ནང་སའི་རྩོམ་པ་པོ་དང་རིག་གཞུང་ཞིབ་འཇུག་རིགས་གཅིག་མཁས་ཅན་དང་དེ་བཞིན་《བོད་ལྗོངས་རྩོམ་རིག་》དུས་དེབ་ཀྱི་རྩོམ་པ་པོ་དང་ཀློག་པ་པོ་བཅས་ཁྱོན་མི་50ཙམ་སྤེལ་རེས་བྱེད་སྒོ་དང་པོར་ཞུགས་པ་རེད། བྱེད་སྒོ་སྤེལ་རིང་《བོད་ལྗོངས་རྩོམ་རིག་》དུས་དེབ་ལ་ལོ་40ཡི་རིང་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་ཆབས་ཅིག་《བོད་ལྗོངས་རྩོམ་རིག་》དུས་དེབ་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ལམ་བུར་རྒྱང་ལྟ་དང་གྲོས་བསྡུར་ཡང་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་5པར་《བོད་ལྗོངས་རྩོམ་རིག་》དུས་དེབ་ཀྱི་རྩོམ་སྒྲིག་པས་མ་དངུལ་རང་གྲབས་བྱས་ཏེ་ནག་ཆུའི་མཐོ་རིམ་སློབ་འབྲིང་དུ“《བོད་ལྗོངས་རྩོམ་རིག་》དུས་དེབ་སློབ་གྲྭར་སྤེལ”ཞེས་པའི་བྱེད་སྒོ་སྤེལ་ནས་ཕུལ་བྱུང་བརྩམས་ཆོས་ལ་བྱ་དགའ་སྤྲད་པ་མ་ཟད་ད་དུང་འཆད་ཁྲིད་རྣམ་པའི་ཐོག་ནས་སློབ་མ་ཚོར་རིག་གཞུང་ཤེས་བྱ་འཁྲིད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་《བོད་ལྗོངས་རྩོམ་རིག་》དུས་དེབ་བཏོན་ནས་ལོ་40འཁོར་བའི་རིམ་སྤེལ་རིག་གཞུང་བྱེད་སྒོར་རིགས་གཅིག་མཁས་ཅན་ཚོས་བོད་ཀྱི་རིག་གཞུང་གསར་རྩོམ་གྱི་ད་ཡོད་གནས་ཚུལ་ལ་དམིགས་ནས་ཆེད་དོན་བགྲོ་གླེང་བྱས་པ་མ་ཟད། 《རྩྭ་དྲི་ཞིམ་》དུས་དེབ་ཁང་གི་རྩོམ་སྒྲིག་པ་གཞོན་པ་ཧྲའོ་པིང་སོགས་ཀྱིས་བོད་ལྗོངས་དཔེ་མཛོད་ཁང་དུ་སྤྱི་དམངས་ལ་རིག་གཞུང་འཆད་ཁྲིད་ཀྱང་བྱས་པ་རེད། ཚེས་19ཉིན་བྱེད་སྒོར་ཞུགས་མཁན་ཚོས་ད་དུང་གཞིས་རྩེའི་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་སྤེལ་རེས་ཀྱང་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།