འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨུ་རུ་སུའི་མི་སྣས་ཏི་ཐན་ཚོགས་མཆོད་མོ་སི་ཁོར་སྤེལ་བར་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། “གོ་ལ་ཧྲིལ་པོར་སྤེལ་བའི་ཏི་ཐན་ཚོགས་མཆོད·2017ལོའི་མོ་སི་ཁོའི་བྱེད་སྒོ་དང་པེ་ཅིང་གྲོང་ཁུལ་ཤར་མ-མོ་སི་ཁོའི་ཀྲུང་དབྱང་སྲིད་འཛིན་ཁུལ་རྒྱལ་སྤྱིའི་མཛའ་མཐུན་གྲོང་ཁུལ་གྱི་སྤེལ་རེས་བྱེད་སྒོ་རབ་དང་རིམ་པའི”རྟེན་འབྲེལ་མཛད་སྒོ་ཚེས་17ཉིན་མོ་སི་ཁོའི་གསར་བརྗེའི་ཐང་ཆེན་དུ་གཉེར་བ་རེད།
         ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཧུའེ་དང་། མོ་སི་ཁོ་གྲོང་ཁྱེར་ཕྱི་ཕྱོགས་དཔལ་འབྱོར་དང་རྒྱལ་སྤྱིའི་འབྲེལ་བ་ཅུས་ཀྱི་ཅུས་ཀྲང་ཆེ་ལེ་མིང་། མོ་སི་ཁོ་གྲོང་ཁྱེར་ཚོང་དོན་ཞབས་ཞུ་ཅུས་ཀྱི་ཅུས་ཀྲང་ཉེ་མེ་ལིའུ་ཁེ། པེ་ཅིང་གྲོང་ཁུལ་ཤར་མའི་ཨུ་ལྷན་གྱི་དྲིལ་བསྒྲགས་པུའུ་ཀྲང་ཀྲོའུ་ཅ་ལུའེ་སོགས་མཛད་སྒོར་ཞུགས་པ་རེད།
         ལི་ཧུའེ་ཡི་ཤིས་ཚིག་ནང་ཀྲུང་གོ་དང་ཨུ་རུ་སུའི་དབར་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་ཟབ་མོ་ཡོད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། པེ་ཅིང་གྲོང་ཁུལ་ཤར་མས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་དོན་ནི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བའི་རྨང་གཞིའི་ཐོག“རྒྱུད་གཅིག་ལམ་གཅིག”གི་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་ཀྱི་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བའི་བྱ་སྤྱོད་གལ་ཆེན་ཞིག་ཡིན་པས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་འཁོད་ཡོད།
         ཆེ་ལེ་མིང་གིས་མོ་སི་ཁོར་འདི་ལྟ་བུའི་མཚོན་བྱེད་རང་བཞིན་གྱི་ཀྲུང་གོའི་རིག་གནས་སྤེལ་རེས་འགྲེམས་སྟོན་བྱེད་སྒོ་སྤེལ་བ་ནི་ལས་སླ་པོ་ཞིག་མིན། བྱེད་སྒོ་འདིས་མོ་སི་ཁོའི་གྲོང་མིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྱོན་ཡོངས་ནས་མྱོང་རོལ་ཐུབ་པ་མ་ཟད། ད་དུང་པེ་ཅིང་གྲོང་ཁྱེར་དང་གྲོང་ཁུལ་ཤར་མའི་ཁྱད་འཕགས་ཀྱི་ཉམས་འགྱུར་ཡང་ཚོར་ཐུབ་ཅེས་བཤད།
         རྟེན་འབྲེལ་མཛད་སྒོ་མཇུག་འགྲིལ་རྗེས་ཚོགས་ཞུགས་མི་སྣས“ངོ་མཚར་ཆེ་བའི་གྲོང་ཁུལ་ཤར་མའི”པར་རིས་འགྲེམས་སྟོན་ལ་བལྟས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།