འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རི་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱིས་སི་རི་ཡ་རུ་དམག་མཚམས་འཇོག་རྒྱུའི་ཆིངས་ཡིག་
    བཞག་པར་དབྱི་སི་རལ་གྱི་ཙུང་ལིས་ངོ་རྒོལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་19ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན། དབྱི་སི་རལ་དཔོན་པོ་ཞིག་གིས་ཙུང་ལི་པེན་ཡཱ་མིང་·ནའེ་ཐཱ་ཉི་ཡ་ཧུའུ་(Benjamin Netanyahu)ཡིས་ཨ་རི་དང་ཨུ་རུ་སུའི་བར་སི་རི་ཡའི་ལྷོ་རྒྱུད་ཀྱི་དམག་མཚམས་འཇོག་པའི་ཆིངས་ཡིག་བཞག་པར་ངོ་རྒོལ་བྱེད་པའི་རྒྱུ་མཚན་ནི། སི་རི་ཡ་རུ་ཡོད་པའི་དབྱི་རན་གྱི་ནུས་སྟོབས་བརྟན་དུ་གཏོང་ཆེད་ཡིན་པ་རེད་ཅེས་བརྗོད།
         ཨ་རིའི་ཙུང་ཐུང་ཐེ་རོམ་ཕུའུ་དང་ཨུ་རུ་སུའི་ཙུང་ཐུང་ཧྥུ་ལ་ཅི་མིར་·ཕུའུ་ཅིང་གིས་ཟླ་འདིའི་ཟླ་འགོར་རྒྱལ་ཁབ་ཉི་ཤུའི་ཚོགས་པས་ཧན་པའོ་དབུ་ཚོགས་སྐབས་སུ་སི་རི་ཡའི་ལྷོ་ནུབ་རྒྱུད་དུ་དམག་མཚམས་འཇོག་པའི་ཆིངས་ཡིག་བཞག་པ་རེད། ཀེ་ལིན་ཉི་ཀྲིའི་དུས་ཚོད་ཟླ་7ཚེས་9ཉིན་གྱི་ཆུ་ཚོད་9པར་(པེ་ཅིང་གི་དུས་ཚོད་ཚེས་9ཉིན་གྱི་ཆུ་ཚོད་17:00པ་)ནས་བཟུང་། དམག་མཚམས་བཞག་པའི་ཆིངས་ཡིག་དེས་སི་རི་ཡ་ཏེ་ལཱ་མངའ་སྡེ་དང་། ཁུ་ནཱ་ཐེ་ལཱ་མངའ་སྡེ། སུའུ་ཝེ་ཏ་མངའ་སྡེ་བཅས་སུ་རྩིས་འགྲོ་བྱུང་བ་རེད།
         ཧྥ་རན་སེའི་གསར་འགྱུར་ཁང་ནས་དབྱི་སི་རལ་གྱིས་ཚོད་འཛིན་བྱེད་པའི་ཀོ་ལན་ཀོ་ཏིའང་གོང་གསལ་ཁྱབ་ཁོངས་སུ་ཚུད་ཡོད་ཟེར། སི་རི་ཡ་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་བར་དྲག་ཆས་ཀྱི་དམག་འཐབ་བྱུང་དུས་སྐབས་རེ་པོ་ལན་དང་ཀོ་ལན་ཀོ་ཏི་ས་ཁུལ་དུའང་གནོད་བཞིན་ཡོད་པས། དབྱི་སི་རལ་གྱིས་དགྲ་ཤ་ལེན་པའི་ཚུལ་དུ་ཚུར་རྒོལ་བྱེད་བཞིན་ཡོད་པ་རེད། 
        གཞན་ཡང་། 2011ལོར་སི་རི་ཡར་ནང་འཁྲུག་བྱུང་བ་ནས་བཟུང་། དབྱི་སི་རལ་གྱིས་སི་རི་ཡའི་ས་ཆ་གཞན་པར་ཡང་འཇབ་རྒོལ་ཐེངས་མང་བྱས་པ་རེད། དེའི་དམིགས་ཡུལ་ནི་ལི་པ་ནོན་གྱི་འཇིག་རྟེན་བྱེད་པོའི་ཏང་གི་དམག་ཆས་དབོར་འདྲེན་རླངས་འཁོར་དང་མཛོད་ཁང་གཏོར་ཕྱིར་ཡིན་པ་རེད། 
         དབྱི་སི་རལ་གྱི་《རྒྱལ་སའི་ཚགས་པར་》དུ་གནས་འཕྲིན་སྤེལ་བར་གཞིགས་ན། ན་ཐ་ཉི་ཡ་ཧུའུ་ཡིས་ཚེས་16ཉིན་ཕ་རི་སིར་ཧྥ་རན་སེའི་ཙུང་ཐུང་ཨེ་མཱ་ནུའེ་ཨེར་·མཱ་ཁུ་ལུང་དང་ཐུག་འཕྲད་བྱེད་དུས་སུ། ཨ་རི་དང་ཨུ་རུ་སུ་གཉིས་པོས་དམག་མཚམས་འཇོག་པའི་དོན་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ལུགས་བཏོན་ཡོད་པ་རེད། 
         ཨུ་རུ་སུའི་འཁོར་སྐར་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་ཕྱོགས་ཀྱི་སེམས་ཁྲལ་ལ་ཨ་རིའི་ཕོ་བྲང་དཀར་པོའི་གཏམ་བཤད་པ་ཞའོ་ཨེན་·སི་ཕའེ་སའེ་ཡིས་ཚེས་17ཉིན་ལན་བསློགས་ནས། ཨ་རིས་མུ་མཐུད་ནས་དོན་འདིའི་སྐོར་དབྱི་སི་རལ་དང་གྲོས་མོལ་བྱས་ནས། "དབྱི་རན་གྱི་སྟོབས་ཤུགས་སི་རི་ཡའི་ལྷོ་རྒྱུད་དུ་ཚུགས་སུ་མི་འཇུག་པའི་འགན་སྲུང་བྱེད་པའི་ཐད། ང་ཚོ་དང་དབྱི་སི་རལ་བར་ཐུན་མོང་གི་ཁེ་ཕན་ཡོད"ཅེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།