འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡི་འགན་འཁུར་བས་ཀྲུང་གོའི་འབར་རུང་འཁྱགས་པ་སྔོག་འདོན་
    ཚོད་ལྟ་ལས་གྲྭར་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་18ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན། སྐབས་22པའི་འཛམ་གླིང་རྡོ་སྣུམ་ཚོགས་ཆེན་ནང་ཞུགས་བཞིན་པའི་རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡི་ལག་བསྟར་ཀན་ཧྲེ་ཐི་ཧོ·པི་ལུའོ་ཨར་ཡིས་ནུས་རྒྱུ་ཞིབ་འཇུག་གསར་སྤེལ་ཁྱབ་ཁོངས་ཀྱི་སྔོན་ཐོན་རྒྱལ་ཁབ་ཡིན་པའི་ཀྲུང་གོས་འབར་རུང་འཁྱགས་པའི་སྔོག་འདོན་ཚོད་ལྟའི་ལས་དོན་སྤེལ་བ་བརྒྱུད་འགོ་ཁྲིད་ཀྱི་ནུས་པ་སླར་ཡང་ཐོན་ཡོད་ཅེས་བཤད་པ་རེད།
         པི་ལུའོ་ཨར་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཀྲུང་གོའི་རླུང་ནུས་དང་། ཉི་ནུས། ཉིང་གློག་བཅས་འཕེལ་རྒྱས་གཏོང་བ་དང་དེ་བཞིན་ནུས་ཕྱོད་ཆེ་རུ་གཏོང་བ་སོགས་ཐད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། མིག་སྔར་གོ་ལ་ཧྲིལ་པོའི་རང་བྱུང་སོལ་རླངས་ལས་རིགས་སྒྱུར་བཅོས་བྱེད་བཞིན་ཡོད་པས་སྲོལ་རྒྱུན་མིན་པའི་རང་བྱུང་སོལ་རླངས་མང་པོ་ཐོན་པ་དཔེར་ན། ཨ་རིས་རྡོ་གཡམ་སོལ་རླངས་འཕེལ་རྒྱས་བཏང་བ་དང་། ཨོ་སི་ཁྲུ་ལི་ཡས་རྡོ་སོལ་ཆགས་རིམ་གྱི་སོལ་རླངས་གསར་སྤེལ་བྱས་པ། ཀྲུང་གོ་དང་རི་པིན་སོགས་རྒྱལ་ཁབ་ཀྱིས་འབར་རུང་འཁྱགས་པ་སྔོག་འདོན་ཚོད་ལྟ་བྱས་པ་བཅས་རེད་ཅེས་བཤད་པ་རེད།
         ཀྲུང་གོས་ལྷོ་རྒྱ་མཚོར་ལག་བསྟར་བྱས་པའི་རང་བྱུང་སོལ་རླངས་དང་ཆུའི་འདྲེས་སྦྱོར་དངོས་པོ་སྔོག་འདོན་ཚོད་ལྟའི་ལས་གྲྭ་ཚེས་9ཉིན་ཕྱོགས་ཡོངས་ནས་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཟིན་ཡོད། ད་ཐེངས་སྔོག་འདོན་ཚོད་ལྟ་ལམ་ལྷོངས་བྱུང་བ་ནི་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་ཐོན་ཁུངས་འབོར་ཚད་གོ་ལ་ཧྲིལ་པོའི་90%ཡན་བཟུང་བ་དང་གསར་སྤེལ་བྱེད་དཀའ་ཤོས་ཀྱི་དབྱེ་ཞིབ་རྣམ་པའི་རང་བྱུང་སོལ་རླངས་དང་ཆུའི་འདྲེས་སྦྱོར་དངོས་པོ་བདེ་འཇགས་དང་ཚོད་འཛིན་ཐུབ་པའི་ངང་སྔོག་འདོན་ཐུབ་ཐེངས་དང་པོ་རེད།
      

    ཕྱོགས་བསྡུས་གསར་འགྱུར།