འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་རྒྱ་མཚོའི་རོགས་སྐྱོབ་ཅུས་ཀྱིས་རྒྱ་མཚོའི་རླུང་འཚུབ་ཆེན་པོའི་གནོད་འཚེ་ཐེབས་པའི་
    ཡུལ་སྐོར་བ་49འཕྲལ་མྱུར་དུ་བསྐྱབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་17ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷོ་རྒྱ་མཚོའི་རོགས་སྐྱོབ་ཅུས་ཀྱིས་རྒྱ་མཚོའི་རླུང་འཚུབ་ཆེན་པོའི་གནོད་འཚེ་ཐེབས་པའི་
ཡུལ་སྐོར་བ་49འཕྲལ་མྱུར་དུ་བསྐྱབས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན་གྱི་སྔ་དྲོར། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་གསལ། འགྲུལ་བ་ཁག་གཅིག་ཀོང་ཏུང་ཞིང་ཆེན་དབྱང་ཅང་ཤར་རྒྱུད་མཚོ་ལེ་19ཡོད་སའི་ནན་ཕེང་གླིང་ཕྲན་སྟེང་དུ་རྒྱ་མཚོའི་རླུང་འཚུབ་ཆེན་པོའི་གནོད་འཚེ་ཐེབས་པས་གནས་ཚུལ་ཛ་དྲག་ཆེ་བ་རེད་། འགྲུམ་འགྲིལ་སྐྱེལ་འདྲེན་པུའི་ལྷོ་རྒྱ་མཚོའི་རོགས་སྐྱོབ་ཅུས་ཀྱིས་འཕྲལ་མྱུར་དུ་ཆེད་ལས་རོགས་སྐྱོབ་གྲུ་གཟིངས་དང་རོགས་སྐྱོབ་ཐད་འཕུར་གནམ་གྲུ་མངག་གཏོང་བྱས་ནས་གླིང་ཕྲན་སྟེང་དུ་རྒྱ་མཚོའི་རླུང་འཚུབ་ཆེན་པོའི་གནོད་འཚེ་ཐེབས་པའི་འགྲུལ་པ་49བསྐྱབས་པ་རེད།
         ཟླ་7ཚེས་16ཉིན་གྱི་ཆུ་ཚོད་8ཡོལ་ཙམ་ལ། ལྷོ་རྒྱ་མཚོའི་རོགས་སྐྱོབ་ཅུས་ཀྱིས་སྒར་བརྒྱབ་གནས་སྡོད་རུ་ཁག་4དབྱང་ཅང་ཤར་རྒྱུད་མཚོ་ལེ་19ཡོད་སའི་ནན་ཕེང་གླིང་ཕྲན་སྟེང་སྒར་བརྒྱབ་ནས་གནས་སྡོད་བྱེད་སྐབས་རྒྱ་མཚོའི་རླུང་འཚུབ་ཆེན་པོ“ཐཱ་ལཱ་སི”ཡི་གནོད་འཚེ་ཐེབས་པས། གླིང་ཕྲན་ཐོག་འགགས་ནས་ཕྱིར་ལོག་མི་ཐུབ་པས་རོགས་སྐྱོབ་རེ་ཞུ་བྱས་པ་རེད། རེ་ཞུ་བྱས་དོན་འབྱོར་རྗེས་ལྷོ་རྒྱ་མཚོའི་རོགས་སྐྱོབ་ཅུས་ཀྱིས་འཕྲལ་མར་ཆེད་ལས་རོགས་སྐྱོབ་གྲུ་གཟིངས་མྱུར་སྐྱོབ་བྱེད་པར་བཏང་བ་དང་། དུས་མཚུངས་སུ་ལྷོ་རྒྱ་མཚོའི་རོགས་སྐྱོབ་འཕུར་སྐྱོད་རུ་ཁག་དང་པོའི་ཆེད་ལས་རོགས་སྐྱོབ་ཐད་འཕུར་གནམ་གྲུ་ཆེ་གྲས་མངག་གཏོང་བྱས་ནས་ཀྲུང་ཧའེ་ནས་དཔུང་རོགས་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ནན་ཕེང་གླིང་ཕྲན་ནི་འཚོ་བའི་སྒྲིག་ཆས་གང་ཡང་མེད་པའི་གླིང་རྒོད་ཅིག་ཡིན་པ་དང་། ཡུལ་སྐོར་བ་རྣམས་ནི་རང་འདོད་དུ་གླིང་རྒོད་དེ་རུ་བསྐྱོད་པ་རེད།
    ༄༅།།ལྷོ་རྒྱ་མཚོའི་རོགས་སྐྱོབ་ཅུས་ཀྱིས་རྒྱ་མཚོའི་རླུང་འཚུབ་ཆེན་པོའི་གནོད་འཚེ་ཐེབས་པའི་
ཡུལ་སྐོར་བ་49འཕྲལ་མྱུར་དུ་བསྐྱབས་པ།
    ༄༅།།ལྷོ་རྒྱ་མཚོའི་རོགས་སྐྱོབ་ཅུས་ཀྱིས་རྒྱ་མཚོའི་རླུང་འཚུབ་ཆེན་པོའི་གནོད་འཚེ་ཐེབས་པའི་
ཡུལ་སྐོར་བ་49འཕྲལ་མྱུར་དུ་བསྐྱབས་པ།
      

    ཕྱོགས་བསྡུས་གསར་འགྱུར།