འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲང་ཧྲུའུ"7·16"མེ་སྐྱོན་ནི་མིས་མེ་བཏང་བའི་གྱོད་གཞི་ཡིན་ཞིང་དོགས་ཡོད་ཉེས་
    ཅན་འཛིན་བཟུང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་17ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁྲང་ཧྲུའུ'7·16'མེ་སྐྱོན་ནི་མིས་མེ་བཏང་བའི་གྱོད་གཞི་ཡིན་ཞིང་དོགས་ཡོད་ཉེས་
ཅན་འཛིན་བཟུང་བྱས་པ། 
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན་གྱི་ཆུ་ཚོད་4ཡས་མས་སུ། ཅང་སུའུ་ཞིང་ཆེན་ཁྲང་ཧྲུའུ་ཡུས་ཧྲན་གྲོང་རྡལ་གྱི་ཚའོ་ཅིང་ཁུལ་2པའི་ཐོག་བརྩེགས་ཁང་74པར་མེ་སྐྱོན་ཤོར་བ་ལས་མི་22རྐྱེན་ལམ་དུ་ཤོར་བ་དང་མི་3ལ་རྨས་སྐྱོན་ཕོག་པ་རེད། སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་དཔང་རྟགས་བླངས་རྗེས་མེ་སྐྱོན་ཤོར་བའི་གྱོད་དོན་དེ་ནི་མིས་མེ་བཏང་བ་ཡིན་ཞིང་། དོགས་ཡོད་ཉེས་ཅན་ཅང་ཆེ་གོ་མོ་འཛིན་བཟུང་བྱས་པ་རེད།
         ཟླ་7ཚེས་16ཉིན་གྱི་ཆུ་ཚོད་4དང་སྐར་མ་29ཐོག ཁྲང་ཧྲུའུ་སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ཀྱིས་ཉེན་བརྡ་སྐྱེལ་བ་འབྱོར་ཞིང་། ཡུས་ཧྲན་གྲོང་རྡལ་ཚའོ་ཅིང་ཁུལ་2པའི་ཐོག་བརྩེགས་ཁང་74པར་མེ་ཤོར་བ་རེད། 119བཀོད་འདོམས་ལྟེ་གནས་ཀྱིས་འཕྲལ་མྱུར་དུ་མེ་གསོད་རླངས་འཁོར་14དང་མེ་འགོག་མེ་གསོད་དཔོན་དམག་71བསྐོང་བསྡུ་བྱས་ནས་མགྱོགས་མྱུར་མེ་སྐྱོན་ཤོར་ས་དངོས་སུ་མེ་སྐྱོན་གསོད་པར་བསྐྱོད་ཅིང་། ཆུ་ཚོད་5དང་སྐར་མ་28འབད་འཐབ་བྱས་རྗེས་མེ་ཆེན་པོ་བསད་པ་རེད།
         དོན་རྐྱེན་བྱུང་ཡུལ་ནི་གྲོང་ཁྱེར་གྱི་གྲོང་མི་ཚོའི་ཁང་གླར་གཏོང་བའི་ཚོང་སྒྱུར་སྡོད་ཁང་ཡིན་ཞིང་། ཅང་སུའུ་ཞིང་ཆེན་སི་ཨ་ཀོ་བཟའ་བཏུང་དོ་དམ་ཚད་ཡོད་ཀུང་སིས་གླས་པའི་ལས་བྱེད་མི་སྣའི་སྡོད་ཁང་རེད་། འཛུགས་སྐྲུན་རྒྱ་ཁྱོན་ལ་ཧ་ལམ་སྨི་གྲུ་བཞི་མ་200ཡོད་པ་དང་། མེ་ཤོར་བའི་རྒྱ་ཁྱོན་ནི་ཧ་ལམ་སྨི་གྲུ་བཞི་མ་200ཡོད་པ་རེད། བརྟག་དཔྱད་ཞིབ་བསྡུར་བྱས་པ་བརྒྱུད། དོན་རྐྱེན་བྱུང་དུས་ཐོག་བརྩེགས་ཁང་འདིའི་ནང་དུ་ཁྱོན་བསྡོམས་མི་29བསྡད་ཡོད་པ་དང་། ཡུལ་དངོས་སུ་གཙང་བཤེར་བྱས་རྗེས་མི་22རྐྱེན་ལམ་དུ་ཤོར་བ་དངོས་སུ་ཁས་ལེན་བྱས་པ་དང་། རྨས་སྐྱོན་ཕོག་པ་མི་3ཚང་མ་རྨས་སྐྱོན་ཡང་མོ་ཡིན་ཞིང་ཚེ་སྲོག་ལ་ཉེན་ཁ་མེད་པ་རེད།
    ༄༅།།ཁྲང་ཧྲུའུ'7·16'མེ་སྐྱོན་ནི་མིས་མེ་བཏང་བའི་གྱོད་གཞི་ཡིན་ཞིང་དོགས་ཡོད་ཉེས་
ཅན་འཛིན་བཟུང་བྱས་པ། 
    ༄༅།།ཁྲང་ཧྲུའུ'7·16'མེ་སྐྱོན་ནི་མིས་མེ་བཏང་བའི་གྱོད་གཞི་ཡིན་ཞིང་དོགས་ཡོད་ཉེས་
ཅན་འཛིན་བཟུང་བྱས་པ། 
      

    ཕྱོགས་བསྡུས་གསར་འགྱུར།