འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱིས་ཚོད་འཛིན་བྱེད་ཁོངས་ཀ་སྨིར་ས་ཁུལ་དུ་འགྲུལ་སྐྱེལ་རླངས་འཁོར་ཞིག་གཡང་
    གཟར་ནས་ལྷུངས་ཏེ་མི་16གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་17ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱ་གར་གྱིས་ཚོད་འཛིན་བྱེད་ཁོངས་ཀ་སྨིར་ས་ཁུལ་དུ་འགྲུལ་སྐྱེལ་རླངས་འཁོར་ཞིག་གཡང་
གཟར་ནས་ལྷུངས་ཏེ་མི་16གྲོངས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན། རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། རྒྱ་གར་གྱི་མཆོད་མཇལ་བས་བཀང་བའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེར་རྒྱ་གར་གྱིས་ཚོད་འཛིན་བྱེད་ཁོངས་ཀ་སྨིར་ས་ཁུལ་གྱི་གཡང་གཟར་ནས་ལྷུངས་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་16གྲོངས་ཡོད་པ་དང་། གཞན་མི་27ལ་རྨས་སྐྱོན་ཕོག་ཡོད་པ་རེད།
          རྒྱ་གར་སྨྱན་སྦྱོར་གྱིས་ཉེན་རྟོག་ཕྱོགས་ནས་བཤད་པའི་སྐད་ཆ་དྲངས་ཏེ་མཆོད་མཇལ་བ་འདི་ཚོ་ནི་རྒྱ་གར་གྱིས་ཚོད་འཛིན་བྱེད་ཁོངས་ཀ་སྨིར་ས་ཁུལ་གྱི་ཨཱ་མར་ནཱ་ཐི་བྲག་ཕུག་ཏུ་གནས་མཇལ་དུ་འགྲོ་འཆར་ཡོད་པ་རེད། ཉིན་དེའི་ཕྱི་དྲོ། འགྲུལ་སྐྱེལ་རླངས་འཁོར་འདི་ཉིད་སི་ལི་ནཱ་ཅ་ལྷོ་རྒྱུད་ཀྱི་སྤྱི་ལེ་107ཙམ་ནས་གཡང་གཟར་ནས་ལྷུངས་པ་རེད། དོན་རྐྱེན་དེར་མི་16རང་སར་གྲོངས་པ་དང་། མི་19ལ་རྨས་ཚབས་ཆེན་ཕོག་ཡོད་པ། མི་8ལ་རྨས་སྐྱོན་ཕྲན་བུ་བྱུང་བ་རེད། རླངས་འཁོར་དུ་ཁྱོན་བསྡོམས་འགྲུལ་པ་46ཡོད་པ་དང་། མང་ཆེ་བ་ནི་ལཱ་ཅ་སི་ཐན་དང་པི་ཧར་མངའ་སྡེ་གཉིས་ནས་ཡིན་པ་རེད།
           ད་ལྟ། རྨས་སྐྱོན་ཕོག་མཁན་ཚང་མ་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་ཀྱི་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ལས་འཛོལ་བྱུང་རྐྱེན་ནི་རླངས་འཁོར་གྱི་འཁོར་ལོ་སྔ་མ་རྡོལ་བ་ལས་བྱུང་བ་ཡིན་པ་དང་། རྒྱུ་རྐྱེན་ཞིབ་ཕྲ་སྔར་བཞིན་རྟོགས་ཞིབ་བྱེད་དགོས་འདུག་ཅེས་བསྟན་པ་རེད།
    ༄༅།།རྒྱ་གར་གྱིས་ཚོད་འཛིན་བྱེད་ཁོངས་ཀ་སྨིར་ས་ཁུལ་དུ་འགྲུལ་སྐྱེལ་རླངས་འཁོར་ཞིག་གཡང་
གཟར་ནས་ལྷུངས་ཏེ་མི་16གྲོངས་པ།
    ༄༅།།རྒྱ་གར་གྱིས་ཚོད་འཛིན་བྱེད་ཁོངས་ཀ་སྨིར་ས་ཁུལ་དུ་འགྲུལ་སྐྱེལ་རླངས་འཁོར་ཞིག་གཡང་
གཟར་ནས་ལྷུངས་ཏེ་མི་16གྲོངས་པ།
      

    ཕྱོགས་བསྡུས་གསར་འགྱུར།