འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པ་
    སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་17ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པ་
སྤེལ་འགོ་ཚུགས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་15ཉིན། མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་གྲོ་ཚང་ས་ཁུལ་ལུས་རྩལ་ལྟེ་གནས་སུ་སྤེལ་འགོ་ཚུགས་པ་རེད།
              ཚེས་16ཉིན། མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྲོ་ཚང་ས་ཁུལ་དུ་དངོས་སུ་སྤེལ་འགོ་ཚུགས་ལ། འགྲན་མཚམས་དང་པོ་གྲོ་ཚང་ནས་ཟི་ལིང་བར་དུ་སྤེལ་བ་རེད། འགྲན་བསྡུར་ཡོངས་ནི་ཟླ་7ཚེས་16ཉིན་སྤེལ་འགོ་ཚུགས་པ་ནས་ཟླ་7ཚེས་29ཉིན་མཇུག་རྫོགས་རྒྱུ་དང་། མཚོ་སྔོན་ཞིང་ཆེན་དང་། ཀན་སུའུ་ཞིང་ཆེན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་བཅས་གསུམ་དུ་སྤེལ་རྒྱུ་ཡིན་པ་རེད། འགྲན་བསྡུར་བྱེད་ཡུན་ནི་ཉིན་14ཡིན་པ་དང་། འགྲན་མཚམས་13ཡོད་པ། ལམ་ཐག་ཡོངས་ལ་སྤྱི་ལེ་3347ཡོད་ལ། ས་བབ་མཐོ་ཤོས་ལ་སྨི་4120ཡོད་པ། ཆ་སྙོམས་ས་བབ་མཐོ་ཚད་ནི་སྨི་3000ཡན་ཆད་ཡིན་པ། འགྲན་མཚམས་ཁག་ནི་ཞིང་ཆེན་(རང་སྐྱོང་ལྗོངས་)གསུམ་གྱི་གྲོང་ཁྱེར་དང་རང་སྐྱོང་ཁུལ་10དང་། ས་ཁུལ་དང་རྫོང་24ལ་བརྒྱུད་དགོས་པ་རེད། 
             ལོ་ངོ་16རིང་འགྱུར་མེད་རྒྱུན་འཁྱོངས་དང་། ལོ་ངོ་16རིང་ལ་སྦྱོར་བརྡར་གསར་གཏོད། ལོ་ངོ་16རིང་འཕེལ་རྒྱས་ཡར་ཐོན་བྱུང་བ་ལས། མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་དེ་ཉིད་རྒྱལ་སྤྱི་ཅན་དང་། ཆེད་ལས་ཅན། ཚོང་རྭ་ཅན། ཚོང་རྟགས་ཅན་བཅས་ཀྱི་དམིགས་འབེན་དུ་སྐྱོད་བཞིན་ཡོད་པས། རྒྱལ་ཡོངས་དང་། ལྷག་པར་དུ་འཛམ་གླིང་གི་རྐང་འཁོར་གཏོང་བར་དགའ་མཁན་ཚོའི་མིག་དབང་འཕྲོག་བཞིན་ཡོད་པ་རེད། 
    ད་ལོའི་མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་དུ་ལུས་རྩལ་དང་། ཡུལ་སྐོར། སྐྱེ་ཁམས། རིག་གནས་བཅས་ཀྱི་མཉམ་བསྲེས་མཉམ་འགུལ་གཙོ་བོར་བྱས་ཡོད་པས། མང་ཚོགས་ཀྱིས་འགྲན་བསྡུར་ལ་གཟིགས་པ་དང་ལྷན་དུ། རང་བྱུང་དང་ལྗང་མདོག་ཉམས་སུ་བསྟར་ཡོད་ལ། ལུས་རྩལ་དང་ཡུལ་སྐོར། སྐྱེ་ཁམས། རིག་གནས་བཅས་མཉམ་བསྲེས་ལས་ཐོན་པའི་སྤྲོ་སྐྱིད་དང་མཛེས་སྡུག་དེ་བས་ཀྱང་ཉམས་སུ་བསྟར་ཐུབ་པར་བྱས་ཡོད་པ་རེད།
             མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུད་དང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་སྤྱི་ཁྱབ་ཅུད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་གནང་བ་རེད།
    ༄༅།།མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པ་
སྤེལ་འགོ་ཚུགས་པ།
    ༄༅།།མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པ་
སྤེལ་འགོ་ཚུགས་པ།
    ༄༅།།མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པ་
སྤེལ་འགོ་ཚུགས་པ།
    ༄༅།།མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པ་
སྤེལ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།