འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་སྲིད་གཞུང་གི་ཆེད་བསྐོས་ཕོ་ཉས་སི་རི་ཡའི་གནད་དོན་གྱི་རི་ནེ་ཝའི་ཞི་བའི་གྲོས་
    མོལ་ཐད་ཀྲུང་གོ་ཕྱོགས་ཀྱི་རེ་སྒུག་ཁག་གསུམ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་18ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་14ཉིན། སི་རི་ཡའི་གནད་དོན་གྱི་ཀྲུང་གོ་སྲིད་གཞུང་གི་ཆེད་བསྐོས་ཕོ་ཉ་ཞེ་ཞའོ་ཡན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདུམ་འགྲིག་གི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ། ཞི་བའི་གྲོས་མོལ་དེར་མགྱོགས་མྱུར་གྲུབ་འབྲས་ངོ་མ་ཐོན་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་གྲ་སྒྲིག་ཀྱང་ཡོད་ཅེས་གསུངས།
         རེས་འཁོར་གསར་པའི་སི་རི་ཡའི་གནད་དོན་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་ནང་ཞུགས་བཞིན་པའི་ཞེ་ཞའོ་ཡན་གྱིས་ཞི་བའི་གྲོས་མོལ་དེར་ཀྲུང་གོ་ཕྱོགས་ཀྱི་རེ་སྒུག་ཁག་གསུམ་བཏོན་གནང་བ་སྟེ། ཞི་བའི་གྲོས་མོལ་བྱ་རིམ་རྒྱུན་མཐུད་དང་། བརྟན་པོ། བདེ་བླག་བཅས་ཡོང་རྒྱུ་རྒྱུན་འཁྱོངས་ཡོང་བ་བྱ་རྒྱུ་དང་གཅིག འབྲེལ་ཡོད་ཕྱོགས་ཁག་གིས་མི་མཐུན་ཆེ་བའི་རྩ་བའི་གནད་དོན་ཐག་གཅོད་བྱེད་པའི་ནང་རྟབ་རྟབ་པོར་ཞུགས་པའི་གནས་ཚུལ་མ་བྱུང་སྔོན་འགོག་བྱས་ནས་བལྟོས་བཅས་ཀྱིས་བྱུང་སླ་བའི་ཐུན་མོང་ངོས་འཛིན་གྱི་གནད་དོན་ལ་གཞི་ཚུགས་ཏེ་རིམ་བགྲོད་གོང་སྤེལ་གྱིས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་།
         ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་ཁ་ཕྱོགས་ཆེན་པོ་སྲ་བརྟན་དུ་བཏང་སྟེ་གཡོ་འགུལ་མི་གཏོང་བ་དང་བསྐྱར་ཟློས་མི་ཡོང་བ་བྱ་རྒྱུ་དང་གཉིས། མིག་སྔའི་དམག་མཚམས་འཇོག་པའི་དུས་བབ་དེ་རིམ་བགྲོད་གོང་སྤེལ་གྱི་ཆབ་སྲིད་འཕེལ་རིམ་བརྒྱུད་བརྟན་དུ་གཏོང་དགོས། དུས་མཚུངས་ཞི་བའི་གྲོས་མོལ་ལའང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་འགའ་ཞིག་ཐོབ་པ་བྱས་ནས་གྲོས་མོལ་བྱེད་མཁན་ཕྱོགས་གཉིས་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལའང་གདེང་ཚོད་ཡོང་བ་བྱེད་དགོས།
         སི་རི་ཡའི་མི་དམངས་ཀྱིས་རང་ཚུགས་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆ་རྐྱེན་གཏོད་རྒྱུ་དང་ཁྲིད་སྟོན་ཡང་དག་བྱ་རྒྱུ་དང་གསུམ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡའི་སྲིད་གཞུང་དང་ངོ་རྒོལ་ཤོག་ཁག་ལ་ངང་རྒྱུད་རིང་པོ་བྱ་རྒྱུ་དང་གྲོས་མོལ་གང་ལེགས་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ་སི་རི་ཡའི་ཕུགས་ཀྱི་མདུན་ལམ་དང་རྩ་བའི་ཁེ་ཕན་དང་མཐུན་པའི་ཐག་གཅོད་གཏན་འབེབས་བྱེད་དགོས།
         རེས་འཁོར་གསར་པའི་སི་རི་ཡའི་གནད་དོན་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་ཟླ་7ཚེས་10ཉིན་བྱེད་འགོ་ཚུགས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།