འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་སྤྱི་དམངས་ཞིག་ལ་གསང་མྱུལ་གྱི་བྱེད་སྤྱོད་དོགས་གཞི་ཡོད་པའི་དབང་གིས་དབྱི་
    རན་ཁྲིམས་ཁང་གིས་ལོ་10རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་17ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན། དབྱི་རནག་ཁྲིམས་འཛིན་པུའུ་ཡི་གཏམ་བཤད་པས་ར་སྤྲོད་བྱས་པ་ལྟར་ན། ཨ་རིའི་སྤྱི་དམངས་ཞིག་ལ་གསང་མྱུལ་གྱི་བྱེད་སྤྱོད་དོགས་གཞི་ཡོད་པའི་དབང་གིས་དབྱི་རན་ཁྲིམས་ཁང་གིས་ལོ་10རིང་བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་པ་རེད།
         དབྱི་རན་ཁྲིམས་ཁང་གི་གཏམ་བཤད་པ་མུའུ་ཧོ་ཞི་ཉི་·ཨེ་ཅེ་ཡེ་ཡིས་ཉིན་དེར་དབྱི་རན་རྒྱལ་ཁབ་བརྙན་འཕྲིན་ཁང་བརྒྱུད་དེ་གནས་འཕྲིན་ཁྱབ་བསྒྲགས་བྱས་དོན་དུ། ཁོང་གིས་“མི་འདི་ཨ་རིས་ཐད་ཀར་གསང་འཕྲིན་འཚོལ་བསྡུ་བྱེད་པར་མངགས་འདུག་པས། ལོ་10རིང་བཙོན་དུ་འཇུག་རྒྱུའི་ཐག་བཅད་ཡོད། འོན་ཀྱང་ཁོ་པར་སྔར་བཞིན་ཞུ་གཏུག་བྱེད་དབང་ཡོད་པ་རེད་”ཅེས་བརྗོད་པ་རེད། 
         མུའུ་ཧོ་ཞི་ཉི་·ཨེ་ཅེ་ཡེ་ཡིས་མི་དེའི་མིང་དང་ཉེས་ཆད་གཅོད་པའི་དུས་ཚོད་མ་བཤད་པར། མི་དེ་ནི་ཨ་རིའི་སྤྱི་དམངས་ཤིག་ཡིན་པ་ཙམ་བཤད་པ་རེད། ཨ་རིའི་ཕྱོགས་ཀྱིས་ཚེས་16ཉིན་དབྱི་རན་ནས་དབྱི་རན་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཉེས་མིང་ཐོག་ནས་བཀག་སྐྱིལ་བྱས་པའི་ཨ་རི་དང་རྒྱལ་ཁབ་གཞན་པའི་སྤྱི་དམངས་འཕྲལ་མར་གློད་གཏོང་དགོས་ལུགས་དང་། དབྱི་རན་གྱི་སྐྱོན་བརྗོད་འདི་རིགས་ནི་རྫུན་བཟོ་བྱས་པ་རེད་ཅེས་བརྗོད་པ་རེད། ན་ནིང་ནས་བཟུང་། ཨ་རི་དང་དབྱིན་ཇི། ཁ་ན་ཏ། ཨོ་སི་ཁྲུ་རི་ཡ། ཧྥ་རན་སེ་བཅས་ཀྱི་སྤྱི་དམངས་མང་པོ་དབྱི་རན་གྱིས་འཛིན་བཟུང་བྱས་ནས། ཁོང་ཚོར་གསང་མྱུལ་གྱི་བྱ་སྤྱོད་ལྡན་པའམ་དགྲ་བོའི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མཉམ་ལས་བྱེད་པའི་ཉེས་བགྲང་སྐྱོན་འཛུགས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།