འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་ཁྱེར་ཕ་རི་སི་དང་ལུའོ་ཧྲན་ཅི་གཉིས་ལ་ཨོ་རྩལ་འགྲན་ཚོགས་གཉེར་དབང་མཉམ་དུ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་18ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་སྐབས་130པ་ཚེས་11ཉིན་གྲོང་ཁྱེར་ལུའོ་སང་དུ་འཚོགས་ཏེ་འདེམས་ཤོག་འཕངས་ནས་2024ལོ་དང་2028ལོའི་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་གཉེར་མཁན་གྲོང་ཁྱེར་གཉིས་ཐག་བཅད་ཅིང་། འོན་ཏེ་གྲོང་ཁྱེར་ལུའོ་ཧྲན་ཅི་དང་ཕ་རི་སི་གཉིས་ལས་སུས་སྔོན་ལ་གཉེར་མིན་ད་དུང་ཐག་ཆོད་མེད་པ་རེད།
         ཉིན་དེའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཨུ་ཡོན་ཁྱོན་83ཡོད་པ་ཚང་མས། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ལག་བསྟར་ཨུ་ལྷན་གྱིས་ཟླ་གོང་མར།2024ལོའི་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་རེ་ཞུ་བྱེད་མཁན་གྲོང་ཁྱེར་ལུའོ་ཧྲན་ཅི་དང་ཕ་རི་སི་གཉིས་ལས་མེད་པའི་གནས་ཚུལ་འོག 2028ལོའི་ཨོ་རྩལ་འགྲན་ཚོགས་གཉེར་དབང་དེ་2024ལོའི་ཨོ་རྩལ་འགྲན་ཚོགས་གཉེར་དབང་མ་ཐོབ་པའི་གྲོང་ཁྱེར་དེར་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། དེ་ལྟར་བྱས་ན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་དེ་ཉིད་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་ཕུགས་ཀྱི་ཁེ་ཕན་ལ་ཡང་ཕན་པ་ཡོད་པ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག ད་དུང་ལུའོ་ཧྲན་ཅི་དང་ཕ་རི་སི་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་བཅས་ཀྱིས་ཚང་འཛོམས་གྲོས་ཚོགས་གྲོལ་རྗེས་འཕྲལ་དུ་ཕྱོགས་གསུམ་གྲོས་མོལ་བྱས་ནས“ཕྱོགས་གསུམ་པོའི་གྲོས་མཐུན”ཞིག་འཇོག་རྒྱུ་སྟེ། གྲོས་མོལ་བྱས་པ་བརྒྱུད་གྲོང་ཁྱེར་གང་གིས་སྔོན་ལ་གཉེར་རྒྱུ་ཐག་གཅོད་རྒྱུ་ཡིན་པ། དེའི་ཐོག་ནས་ཟླ་9ཚེས་13ཉིན་ལི་མཱར་འདེམས་ཤོག་མ་འཕངས་གོང་ཨོ་རྩལ་འགྲན་ཚོགས་སྐབས་གཉིས་གཉེར་མཁན་གྲོང་ཁྱེར་ཐག་བཅད་ཟིན་པ་མཚོན་པ་རེད།
         འདེམས་ཤོག་འཕངས་རྗེས་ལུའོ་ཧྲན་ཅིའི་ཧྲི་ཀྲང་ཅཱ་སའེ་ཏེ་དང་ཕ་རི་སིའི་ཧྲི་ཀྲང་དབྱི་ཏར་ཁེ་ཏིང་གཉིས་ཀྲུའུ་ཞིའི་སྟེགས་བུའི་ཐོག་འཛེགས་པ་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོས་ཧྲི་ཀྲང་གཉིས་ཀྱི་ལག་པ་མཐོན་པོར་བཀྱགས་ནས་རྟེན་འབྲེལ་ཞུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།