འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱི་བརྗོད་གཞི་གལ་ཆེན་གྱི་མཛེས་རྩལ་གསར་རྩོམ་འདུ་འགོད་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལོ་གཅིག་ལྷག་ཙམ་གྲ་སྒྲིག་བྱས་པ་བརྒྱུད། རིག་གནས་པུས་གཙོ་གཉེར་བྱས་པ་དང་། རིག་གནས་པུའི་སྒྱུ་རྩལ་སི་དང་ཀྲུང་གོ་མཛེས་རྩལ་ཁང་གིས་གཉེར་འགན་འཁུར་བ། ཀྲུང་གོའི་རྒྱལ་ཁབ་རི་མོ་ཁང་དང་། ཀྲུང་དབྱང་མཛེས་རྩལ་སློབ་གླིང་། ཀྲུང་གོ་མཛེས་རྩལ་སློབ་གླིང་། བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་བཅས་ཀྱིས་གཉེར་རོགས་བྱས་པའི“ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར—རྒྱལ་ཁབ་ཀྱི་བརྗོད་གཞི་གལ་ཆེན་གྱི་མཛེས་རྩལ་གསར་རྩོམ་འདུ་འགོད་(གཤམ་ལ“རྒྱལ་ཁབ་ཀྱི་བརྗོད་གཞི་གལ་ཆེན་གྱི་མཛེས་རྩལ་གསར་རྩོམ་འདུ་འགོད”ཞེས་བསྡུ་རྒྱུ)ཟླ་7པའི་ཟླ་འགོར་དངོས་སུ་སྤེལ་འགོ་ཚུགས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། གསར་རྩོམ་འདུ་འགོད་ཀྱིས་རིག་གནས་པུས་དངོས་སུ་ཡོངས་བསྒྲགས་བྱས་པའི་ནང་དོན་དཔྱད་གཞིར་འཛིན་པའི་ཁྱབ་ཁོངས་གཞི་འཛིན་སར་བྱས་ཏེ་དོན་དངོས་ཀྱི་བརྗོད་བྱར་གཞི་ཚུགས་པ་དང་ལོ་རྒྱུས་ཀྱི་བརྗོད་བྱར་དོ་སྣང་བྱས་ནས་དུས་མཚམས་ཕྱེ་སྟེ་བརྗོད་བྱ་གཙོ་བོའི་སྒྱུ་རྩལ་བརྩམས་ཆོས་100ཙམ་འདོན་རྒྱུ་ཡིན་པ་དང་ཆབས་ཅིག 2019ལོ་དང་2021ལོ་སོ་སོར་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་འགྲེམས་སྟོན་ཆེ་མོ་བྱས་ཏེ་ཀྲུང་གོའི་མཛེས་རྩལ་ཁང་སོགས་སྒྲིག་གཞིས་ཉར་ཚགས་བྱས་པའི་རྩེར་སོན་བརྩམས་ཆོས་མཉམ་དུ་འགྲེམས་སྟོན་བྱ་རྒྱུ་ཡིན་པའི་ནང་གི་ཕུལ་བྱུང་བརྩམས་ཆོས་ཀྲུང་གོ་མཛེས་རྩལ་ཁང་གིས་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ཉར་ཚགས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།