འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས་ཤེས་ལྡན་པའི་བྱ་གཞག་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་ལོ་བདུན་རིང“རྩྭ་
    ཐང་གི་ཤེས་ལྡན་པ”1017གསོ་སྐྱོང་དང་ནང་འདྲེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན་གྱི་ཕྱི་དྲོར། གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། སྐབས་ལྔ་པའི་ནང་སོག་གི“རྩྭ་ཐང་གི་མཛངས་མིའི”རིམ་མཐོའི་ཤེས་ལྡན་པའི་མཉམ་ལས་སྤེལ་རེས་ཚོགས་འདུ་དང་ཧུའོ་པའོ་ཨོར་གསུམ་གྱི་ཤེས་ལྡན་པའི་གསར་གཏོད་ལས་གཏོད་ཀྱི་གཟའ་འཁོར་བྱེད་སྒོ་ཟླ་7ཚེས་12ནས་ཚེས་16ཉིན་བར་འཚོག་རྒྱུ་ཡིན་པ་རེད།
          ཐེངས་འདིའི་བྱེད་སྒོ་ནི་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། མི་སྤྱི་ཐིང་། ཚན་རྩལ་ཐིང་། སློབ་གསོ་ཐིང་། སྡེ་ཚོགས་ཨུ་ལྷན་བཅས་ཀྱིས་གཙོ་གཉེར་དང་། ཧུའོ་ཧོ་ཧའོ་ཐེ་གྲོང་ཁྱེར་དང་། པའོ་ཐོའུ་གྲོང་ཁྱེར། ཨོར་ཏུའོ་སི་གྲོང་ཁྱེར་བཅས་གསུམ་གྱི་གྲོང་ཨུད་དང་སྲིད་གཞུང་གིས་མཉམ་དུ་གཉེར་འགན་འཁུར་བ་ཞིག་ཡིན་ལ། ཚོགས་ར་གཙོ་བོ་དེ་ཨོར་ཏུའོ་སི་གྲོང་ཁྱེར་དུ་འཛུགས་རྒྱུ་དང་། ཧུའོ་ཧོ་ཧའོ་ཐེ་གྲོང་ཁྱེར་དང་པའོ་ཐོའུ་གྲོང་ཁྱེར་དུ་ཡན་ལག་ཚོགས་ར་འཛུགས་རྒྱུ་ཡིན་པ་རེད།
          ཐེངས་འདིའི་བྱེད་སྒོ་སྦྲེལ་མཐུད་ངོ་འཕྲད་གྲོས་མོལ་དང་། གླེང་སྟེགས་སྤེལ་རེས། འགྲན་བསྡུར། ལས་གཏོད་ལས་ཞུགས་བཅས་ནང་དོན་ཆེན་པོ་བཞིར་དམིགས་ནས་སྤེལ་རྒྱུ་ཡིན་པའི་ནང་དུ“རྩྭ་ཐང་གི་མཛངས་མིའི”འདུ་འགོད་ཀྱི་གསར་གཏོད་ལས་གཏོད་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་། པའོ་ཐོའུ་གྲོང་ཁྱེར་གྱི་རྩལ་ནུས་མཐོ་བའི་ཤེས་ལྡན་པའི་རྒྱལ་སྤྱིའི་ཁས་ལེན་དཔང་འདོན་དང་ནང་འདྲེན་གསོ་སྐྱོང་འདུ་འགོད་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ “རྩྭ་ཐང་གི་ཀུའེ་ཀུའུ”ཧུའོ་པའོ་ཨོ་གསུམ་མཉམ་དུ་འཕེལ་རྒྱས་ཀྱི་ཤེས་ལྡན་པའི་མཉམ་འབྲེལ་གྲོས་ཚོགས་སོགས་བྱེད་སྒོ་29ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། “རྩྭ་ཐང་གི་མཛངས་མིའི”འདུ་འགོད་2010ལོར་སྤེལ་འགོ་ཚུགས་པ་ནས་ད་བར་ནང་སོག་ལ་ཁྱོན“རྩྭ་ཐང་གི་ཤེས་ལྡན་པ”1017གསོ་སྐྱོང་དང་ནང་འདྲེན་བྱས་ནས། ཞིང་འབྲོག་ལས་དང་། ནུས་རྒྱུ། རྫས་འགྱུར་བཟོ་ལས་གསར་པ་སོགས་ཁྱབ་ཁོངས་15ཡི་རང་སྐྱོང་ལྗོངས་རིམ་པའི་ཐོན་ལས་གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་པའི་ཚོགས་པ་496དང་རིམ་མཐོའི་ཤེས་ལྡན་པའི་གསར་གཏོད་ལས་གཏོད་རྟེན་གཞི་77གཙོ་གནད་སྐྱེད་སྲིང་བྱས་ཏེ་ནང་སོག་གི་ཤེས་ལྡན་པའི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔར། དཔྱད་འདེམས་བྱས་པའི“རྩྭ་ཐང་གི་མཛངས་མིའི”ཁྲོད་ཀྱི་མི་13རྒྱལ་ཁབ་ཀྱི“མི་སྟོང་གི་འཆར་གཞིའི”ནང་དུ་ཚུད་པ་དང་། མི་13རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིའི”ནང་དུ་ཚུད་པ། མི་4སློབ་གསོ་པུའི“འབྲི་ཆུའི་མཁས་དབང”གི་གྲས་སུ་ཚུད་ཡོད།
         “རྩྭ་ཐང་གི་མཛངས་མིའི”འདུ་འགོད་ལ་སྐུལ་འདེད་སྔར་བས་ཡག་པོ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་《ནང་སོག་གི་དུས་ཡུན་རིང་འབྲིང་གི་ཤེས་ལྡན་པ་འཕེལ་རྒྱས་འཆར་འགོད་ཀྱི་རྩ་གནད་》སོགས་ཡིག་ཆ་གལ་ཆེན་10ལྷག་ཙམ་སྔ་རྗེས་སུ་བཏོན་པའི་ཁར། ལྗོངས་ཡོངས་ཀྱི་མོང་དང་གྲོང་ཁྱེར་12ལ་རིམ་ཁག་དང་རིགས་ཁག་གི་ལེ་ལག་ཚང་བའི་སྲིད་ཇུས་40ལྷག་ཙམ་སྔ་རྗེས་སུ་འདོན་རྒྱུའི་ཁྲིད་སྟོན་བྱས་པས། གོང་འོག་སྦྲེལ་མཐུད་དང་འདུས་གྲུབ་ནུས་ལྡན་ཐུབ་པའི་ཤེས་ལྡན་པའི་སྲིད་ཇུས་མ་ལག་ཅིག་གཞི་རྩའི་ཆ་ནས་ཆགས་ཡོད། ཤེས་ལྡན་པ་དང་མ་དངུལ་ཐད། “རྩྭ་ཐང་གི་མཛངས་མིའི”ཆེད་དོན་མ་དངུལ་2010ལོར་སྤེལ་འགོ་འཛུགས་སྐབས་ཀྱི་ལོ་རེར་སྒོར་ཁྲི་3500ནས་2016ལོའི་སྒོར་དུང་ཕྱུར་1བར་སྤར་བ་དང་། མོང་དང་གྲོང་ཁྱེར་ཁག་གི་ཤེས་ལྡན་པའི་ཆེད་སྤྱོད་མ་དངུལ་ལ་སྔ་རྗེས་སུ་སྒོར་དུང་ཕྱུར་10ཙམ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།