འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་ཀྲུང་དབྱང་ཁེ་ལས་ཀྱི་ཡོང་འབབ་དང་ཁེ་བཟང་གཉིས་ཀ་ཟིན་ཐོ་གསར་པ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས། འདི་ལོའི་ལོ་སྟོད་དུ་ཀྲུང་དབྱང་ཁེ་ལས་ལ་རིམ་རྩིས་བྱས་ན་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་12.5བྱུང་བ་དེ་དུས་མཚུངས་ལས་16.8%འཕར་ནས་ཟླ་5བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། དུས་མཚུངས་རིམ་རྩིས་ལྟར་ན་ཁེ་བཟང་བསྡོམས་འབོར་སྒོར་དུང་ཕྱུར་7218བྱུང་ནས་15.8%འཕར་བ་དང་ཁེ་གཙང་སྒོར་དུང་ཕྱུར་5353.2བྱུང་ནས་18.6%འཕར་ཡོད།
          “ལོ་སྟོད་དུ་ཀྲུང་དབྱང་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བརྟན་པོའི་ངང་འཕར་བ་དང་ཡོང་འབབ་དང་ཁེ་བཟང་གཉིས་ཀ་ཟིན་ཐོ་གསར་པ་བཏོད་པ་དང་། དེ་འཁོར་རྒྱུག་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ། ཐོན་ལས་གྲུབ་ཆ་རྒྱུན་མཐུད་འཐུས་ཚང་དུ་ཕྱིན་པ། སྒུལ་ནུས་གསར་པ་མགྱོགས་མྱུར་སྐྱེད་སྲིང་ཐུབ་པ། སྤྱི་ཚོགས་ཀྱི་ལེགས་སྐྱེས་བརྟན་པོའི་ངང་འཕར་བ་བཅས་བྱུང་ནས་བརྟན་ཐོག་ལེགས་བརྩོན་གྱི་འཕེལ་རྒྱས་རྣམ་པ་རྒྱུན་མཐུད་མངོན་ཡོད”ཅེས་གཞུང་རྒྱུ་ཨུ་ལྷན་གྱི་སྤྱི་ཁྱབ་རྩིས་པ་ཆེ་མོ་བ་ཧྲེན་ཡིང་གིས་དེའི་རིང་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་དེ་ལྟར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།