འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས“གྲོང་ཚོའི་ལས་བྱེད་པ་ཁྲི་ཡི་འཇོན་ཐང་ཆེར་གཏོང་འདུ་འགོད”ལག་བསྟར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          “ང་རང་འགྲོ་མྱོང་བའི་ས་ཆ་མང་པོ་ཡོད་ལ་གསོ་སྦྱོང་འཛིན་གྲྭ་མང་པོར་ཡང་ཞུགས་མྱོང་ཡོད་མོད། འོན་ཀྱང་ཡུན་རིང་སྐད་གྲགས་ཆོད་པའི་ཧྭ་ཤིས་གྲོང་ཚོར་གསོ་སྦྱོང་ལ་སྐྱོད་ཐེངས་དང་པོ་ཡིན”མཚོ་སྔོན་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཧོང་ཅ་ཀྲའེ་གྲོང་རྡལ་ཞུས་ཅ་ཀྲའེ་གྲོང་ཚོའི་རྗེས་གྲབས་ལས་བྱེད་པ་ལི་ཞང་ནི“བརྒྱད་ཅུའི་ནང་སྐྱེས་པ”ཡིན་པ་དང་སྤྱི་ལེ་སྟོང་ཕྲག་ཁ་ཤས་བརྒྱུད་ཅང་སུའུ་ཡི་ཧྭ་ཤིས་གྲོང་ཚོར་སློབ་སྦྱོང་བྱེད་པར་སྐྱོད་པ་དེ་མཚོ་སྔོན་གྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཁྲོད་ཀྱི“གྲོང་ཚོའི་ལས་བྱེད་པ་ཁྲི་ཡི་འཇོན་ཐང་ཆེར་གཏོང་འདུ་འགོད”ལས་ཕན་པ་ཐོབ་པ་ཞིག་རེད།
          འདི་ལོའི་ཟླ་3པར་མཚོ་སྔོན་གྱིས“གྲོང་ཚོའི་ལས་བྱེད་པ་ཁྲི་ཡི་འཇོན་ཐང་ཆེར་གཏོང་འདུ་འགོད”ལག་བསྟར་བྱས་ཏེ་ཞིང་ཆེན་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་མི་རེ་ངོ་རེ་ནས་ཉུང་མཐར་ཡང་མི་2རེ་གསོ་སྦྱོང་བྱེད་པའི་ནང“ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་གཙོ་བོ་དང་། གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ། ཞིང་འབྲོག་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་འཁྲིད་པ་སོགས་མི་ཁྲི་གཅིག་ཙམ་ཡོད་པ་རེད། འདུ་འགོད་ཀྱིས་གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་འཁྲིད། གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་གཏོང་སོགས་ནང་དོན་གཙོ་བོ་གསོ་སྦྱོང་བྱས་ནས་ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ལྷག་པར་དུ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་གཙོ་བོའི་གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་འཁྲིད། གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་གཏོང་བཅས་ཀྱི་འཇོན་ཐང་སྔར་བས་ཆེ་རུ་བཏང་བ་དང་ཆབས་ཅིག་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ་དང་། ཞིང་འབྲོག་ཏང་ཡོན། ཕྱུག་འགྱུར་སྣེ་འཁྲིད་པ་བཅས་སྣེ་འཁྲིད་ཀྱིས་མཐོང་རྒྱ་སྔར་བས་ཆེ་རུ་བཏང་སྟེ་འདི་ལོའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེས་ལས་བྱེད་པ་གྲབས་གསོག་ཧུར་ཐག་བྱས་ཡོད།
          གྲོང་ཚོའི་ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བའི་འདུ་འགོད་ཀྱི་གཙོ་གནད་ཡིན་པའི་ངོས་ནས་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་དུས་ཡུན་ཟླ་བ་གཉིས་ཙམ་རིང་ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་8ཀྱི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་གཙོ་བོ་དང་། གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ། ཞིང་འབྲོག་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་874སྒྲིག་འཛུགས་བྱས་ཏེ་ཧྭ་ཤིས་གྲོང་ཚོར་ཞིང་ཆེན་རིམ་པའི་རེས་སྐོར་གསོ་སྦྱོང་གི་དཔེ་སྟོན་འཛིན་གྲྭ་དུས་ཐེངས་9གཉེར་བ་རེད།
         སློབ་མའི་ཁྲོད་གང་སར་འགྲོ་མྱོང་ལ་མཐོང་རྒྱ་ཐོས་རྒྱ་ཆེ་བའི་ལས་བྱེད་པ་ཡོད་རུང་ཁོང་ཚོའི་ངོས་ནས་བརྗོད་ན་ཧྭ་ཤིས་གྲོང་ཚོར་སློབ་སྦྱོང་བྱེད་པར་སྐྱོད་ཐེངས་དང་པོ་ཡིན་པ་རེད། དེས་ན་ཆུ་ཚོད་30ལྷག་ཙམ་གྱི་འགྲོ་སྐྱོད་ཀྱིས་ཁོང་ཚོའི་སློབ་སྦྱོང་བྱེད་འདོད་ལ་ཤུགས་རྐྱེན་གཏན་ནས་ཕོག་མེད།
          ས་གནས་ས་ཐོག་ཏུ་ཧྲུའུ་ཅི་རྒན་གྲས་ཝུའུ་རེན་པའོ་ཡི་དེ་སྔའི་སྡོད་ཁང་དང་། ཧྭ་ཤིས་གྲོང་ཚོའི་གྲོང་གསེབ་གསར་པའི་ཐོག་བརྩེགས་ཁང་ཆེན། ཞིང་པའི་སྤྱི་གླིང་། ཏང་འཛུགས་སྐྱོང་ཁང་། གཟི་བརྗིད་ཁང་སོགས་སུ་ལྟ་སྐོར་བྱས་ཏེ་ཧྭ་ཤིས་གྲོང་ཚོའི་ཏང་འཛུགས་སྐྱོང་ལས་དོན་དང་། དཔལ་འབྱོར་འཕེལ་རྒྱས། གྲོང་མིའི་འཚོ་བའི་ཁ་གསབ་འགན་ལེན་སོགས་ཐད་ཀྱི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་ཤེས་རྟོགས་དང་། ཧྭ་ཤིས་ཚན་རྩལ་མཐོ་བའི་ལྡུམ་རའི་ལག་རྩལ་ལྟེ་གནས་དང་། ཧྭ་ཤིས་བཟོ་ལས་གླིང་། ཧྭ་ཤིས་རྟེན་རྫས་བཤམས་མཛོད་ཁང་། ཧྭ་ཤིས་འཛམ་གླིང་སྤྱི་གླིང་བཅས་སུ་ཧྭ་ཤིས་གྲོང་ཚོའི་ཡུལ་སྐོར་ལས་རིགས་དང་བཟོ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཤེས་རྟོགས་དང་ཧྭ་ཤིས་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་བྱ་ཐབས་མང་པོ་མཉམ་སྤྱོད་དང་། ཁྲོམ་རའི་ཐོག་སྐྱོད་ཕོད་པ། ཤེས་བྱར་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་འཇོག གྲོང་ཚོས་གཉེར་བའི་ཁེ་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་ཀྱི་ཉམས་མྱོང་སློབ་སྦྱོང་བྱས་ནས་ས་གནས་ས་ཐོག་ཏུ་ལྟ་སྐོར་བྱས་པ་ཕུད་རེས་སྐོར་གསོ་སྦྱོང་དེ་སྙན་སྒྲོན་ཉན་པ་དང་སློབ་ཁང་ནང་སློབ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་སྤེལ་ཡོད་པ་རེད།
         ཧྭ་ཤིས་གྲོང་ཚོའི་འཕེལ་རྒྱས་ཉམས་སུ་མྱོང་རྗེས་མཚོ་སྔོན་གྱི་གྲོང་གསེབ་ལ་སླར་ཡང་བལྟ་སྐབས་སློབ་མ་ཚོས་ཧེ་བག་ཧ་ཅང་གསལ་པོ་རྟོགས་ཐུབ་པ་བྱུང་ཡོད་ལ་འཕེལ་རྒྱས་ཀྱི་ཡིད་ཆེས་ཀྱང་འཕེལ་ཡོད། སྐུ་འབུམ་རྫོང་ལུའུ་ཧྲའར་གྲོང་རྡལ་ཀན་ཧོ་ཡན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀེ་ཕུའུ་ཡོན་གྱིས“ང་ཚོས་ཧྭ་ཤིས་གྲོང་ཚོ་དང་ཧེ་བག་ཆུང་དུ་གཏོང་རྒྱུའི་ཐད་བྱ་ཐབས་གཅིག་རང་ཡོད་པ་དེ་ནི་འཕེལ་རྒྱས་དེ་བས་མྱུར་དུ་གཏོང་རྒྱུ་དེ་ཡིན་པས་ཕ་ཡུལ་དུ་ཕྱིར་ལོག་བྱས་རྗེས་ང་ཚོ་གྲོང་ཚོའི་ལས་བྱེད་པ་ཚང་མས་ཧེ་བག་བཙལ་འཚོལ་གྱིས་ངོས་འཛིན་མཐོ་རུ་བཏང་ནས་གྲོང་ཚོ་དེ་གའི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་བྱེད་དགོས”ཞེས་བཤད།
         གསོ་སྦྱོང་རིང་མཚོ་སྔོན་གྱི་གྲོང་ཁྱེར་དང་ཀྲོའུ་ཁག་དང་རྫོང་དང་། གྲོང་ཁྱེར། ཆུས་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རིམ་པ་ཁག་དང་རིགས་ཁག་གི་གསོ་སྦྱོང་སྒྲིག་གཞིར་གང་ལེགས་བརྟེན་ཏེ“གྲོང་ཚོའི་ལས་བྱེད་པ་ཁྲི་ཡི་འཇོན་ཐང་ཆེར་གཏོང་འདུ་འགོད”ལག་བསྟར་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་དཔེར་ན། ཟི་ལིང་གྲོང་ཁྱེར་གྱིས་ཅང་སུའུ་དང་ཀྲེ་ཅང་སོགས་སུ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་750ལ་གསོ་སྦྱོང་བྱས་པ་དང་། མཚོ་ཤར་གྲོང་ཁྱེར་གྱིས་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་ལས་བྱེད་སློབ་གླིང་དུ་གྲོང་ཚོའི་ལས་བྱེད་པ་1270ལ་གསོ་སྦྱོང་བྱས་པ། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཧྲན་ཏུང་ཝུའེ་ཧྥང་དང་། ནང་སོག་གི་པའོ་ཐོའུ་གྲོང་ཁྱེར་དུ་ཞིང་ཁུལ་དང་འབྲོག་ཁུལ་གྱི་གྲོང་ཚོའི་ལས་བྱེད་པ་160སོ་སོར་གསོ་སྦྱོང་བྱས་པ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཀྲོའུ་ཡི་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ“ཕྱི་ནང་ཟུང་འབྲེལ་དང་ནང་ངོས་གཙོ་བོར་བྱེད་པའི”གསོ་སྦྱོང་རྣམ་པ་སྤྱད་དེ་ཞིང་ཆེན་ནང་ཁུལ་དུ་སྤེལ་རེས་གསོ་སྦྱོང་བྱ་ཤུགས་ཆེ་རུ་བཏང་ནས་ཀྲོའུ་དེ་ཡོངས་ཀྱི་གྲོང་ཚོའི་ལས་བྱེད་པ་རིགས་སོ་སོར་དབྱེ་ནས་གསོ་སྦྱོང་བྱས་པ་ལྟ་བུའོ།
         སློབ་མ་ཚོས“གྲོང་ཚོའི་ལས་བྱེད་པ་ཁྲི་ཡི་འཇོན་ཐང་ཆེར་གཏོང་འདུ་འགོད”བཀོད་སྒྲིག་དུས་ཐོག་དང་ཏན་ཏིག་ངང་བྱེད་ཐུབ་པ་བྱུང་ནས་གསོ་སྦྱོང་བྱེད་ཁྱོན་རྒྱ་ཆེན་པོ་དེ་ལྟ་བུ་དེ་སྔ་བྱུང་མྱོང་མེད་པ་དང“ཕྱིར་སྐྱོད་པའི”གསོ་སྦྱོང་བྱེད་ཐབས་སྤྱད་པ་ལས་མཐོང་རྒྱ་ཆེ་རུ་དང་། བློ་སྒོ་འབྱེད་པ། ལྟ་བར་འགྱུར་ལྡོག་བྱུང་བ། ཡིད་ཆེས་འཕེལ་བ་བཅས་བྱུང་ལུགས་བརྗོད་ཡོད།
         “གྲོང་ཚོའི་ལས་བྱེད་པ་ཁྲི་ཡི་འཇོན་ཐང་ཆེར་གཏོང་འདུ་འགོད”ཀྱིས་དོན་དངོས་དང་། སྤྱོད་གོ་ཆོད་པ། དངོས་ཕན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཡུལ་བབ་ལ་བརྟེན་ནས་སློབ་གསོ་གཏོང་བ་དང་མི་སྣར་བརྟེན་ནས་སློབ་གསོ་བཏང་བས་གཙོ་གནད་ནང་དོན་མངོན་གསལ་དོད་པོ་བྱུང་བ་མ་ཟད་གཞོགས་གཅིག་གཙོ་བོར་འཛིན་པས་དམིགས་སའི་རང་བཞིན་ཆེ་རུ་ཕྱིན་ནས་གྲོང་ཚོའི་ལས་བྱེད་པའི་ཕྱུག་འགྱུར་སྣེ་འཁྲིད་ཀྱི་བྱང་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཅེས་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའི་འགན་འཁུར་བས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།