འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།དངུལ་སྤྲོད་འབོ་དང་ཐེན་ཅིན་གྱིས་མཉམ་དུ་བྱང་ཕྱོགས་ཀྱི“དངུལ་སྨར་མེད་པའི་གྲོང་ཁྱེར”
    ཐོག་མ་བསྐྲུན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཐེན་ཅིན་གྲོང་ཁྱེར་སྲིད་གཞུང་གིས་དངུལ་སྤྲོད་འབོའི་འོག་གི་གྲོག་མ་གསེར་གོས་དབར་མཉམ་ལས་ཀྱི་གྲོས་མཐུན་བཞག་སྟེ་ཐེན་ཅིན་དུ“དངུལ་སྨར་མེད་པའི་གྲོང་ཁྱེར”བསྐྲུན་རྒྱུར་སྐུལ་མ་བཏང་བས་ཐེན་ཅིན་རྒྱལ་ཡོངས་ཀྱི་དངུལ་སྨར་མེད་པའི་གྲོང་ཁྱེར་གསུམ་པ་དང་བྱང་ཕྱོགས་ཀྱི་དངུལ་སྨར་མེད་པའི་གྲོང་ཁྱེར་དང་པོའི་དཔེ་མཚོན་དུ་འགྱུར་རྒྱུ་རེད།
          གྲངས་གཞིའི་མངོན་པ་ལྟར་ན། ཐེན་ཅིན་གྱི་མིང་ངོ་མ་བཀོད་ནས་དངུལ་སྤྲོད་འབོ་ལས་སྤྱོད་མཁན་ཁྲི་690ཟིན་པ་དང་། མིག་སྔར་རིགས་ཆེ་གྲས་5ཡི་ཁག་44ཡི་དངུལ་སྤྲོད་འབོའི་གྲོང་ཁྱེར་གྱི་ཞབས་ཞུ་ཤར་གཏོང་བྱུང་བ་དང་། གྲོང་མི་ཁྲི་212.7གྱིས་དངུལ་སྤྲོད་འབོ་བརྒྱུད་ནས་སྲིད་དོན་དང་། སྨན་བཅོས། འཁོར་དོན་སོགས་ཁྱབ་ཁོངས་ཀྱི་དམངས་ཕན་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཡོད། ད་ལོའི་ཟླ་5པར་དངུལ་སྤྲོད་འབོ་ནས་ཁྱབ་བསྒྲགས་བྱས་པའི“དངུལ་སྨར་མེད་པའི”འགྲོ་སྐྱོད་ཀྱི་གྲངས་གཞིའི་ནང་ནས་ཐེན་ཅིན་བས“དངུལ་སྨར་མེད་པའི”འཛད་སྤྱོད་ཀྱི་སྟོན་གྲངས་ནི་རྒྱལ་ཡོངས་ཀྱི་ཨང་བཅུ་པར་སླེབས་ཡོད།
          མིག་སྔར་ཐེན་ཅིན་གྱི“དངུལ་སྨར་མེད་པའི”ངང་གཏོང་སྤྲོད་བྱ་ཡུལ་དེ་རྒྱུན་གཏན་འཚོ་བའི་ནང་གི་དྲ་ཐོག་དངུལ་སྤྲོད་ཐད་ཁྱབ་པ་དང་། ཐེན་ཅིན་གྱི་གློག་ཤུགས་དང་། འབར་རླངས། ཚ་ཤུགས། སྐུད་ཡོད། ཆུ་ཀ་ལ་སོགས་ཚང་མ་དངུལ་སྤྲོད་འབོ་དང་མཉམ་ལས་བྱས་པས་ཐེན་ཅིན་གྱི་གྲོང་མི་ཕྱིར་མ་བསྐྱོད་པར་ཁ་པར་གྱི་ཁ་ཕྱེ་ནས་མཛུབ་མོ་འགུལ་བ་ཙམ་གྱིས་རྒྱུན་གཏན་གྱི་འཚོ་བའི་གྲོན་དངུལ་སྤྲོད་ཆོག་པ་དང་། གྲོན་དངུལ་སྤྲོད་པའི་ལས་སྒོའི་ཞབས་ཞུ་སྤྱོད་མཁན་ཁྲི་139ཟིན་པར་རིམ་རྩིས་བྱས་ན་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་16ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།