འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་གྱི་ཙུང་ཐུང་ཟུར་པ་ལུའུ་ལཱ་ལ་དུས་བཙོན་ལོ་9དང་ཟླ་བ་6གི་ཉེས་ཆད་བཅད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་13ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།པར་ཙིར་གྱི་ཙུང་ཐུང་ཟུར་པ་ལུའུ་ལཱ་ལ་དུས་བཙོན་ལོ་9དང་ཟླ་བ་6གི་ཉེས་ཆད་བཅད་པ། 
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན། པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁྲིམས་དཔོན་སའེ་ཨེར་ཅི་ཨའོ·མོ་ལུའོ་ཡིས་ཙུང་ཐུང་ཟུར་པ་ལུའུ་ལཱ་(Luiz Inácio Lula da Silva)ཡིས་ལྐོག་ཟ་རུལ་སུངས་དང་དངུལ་ནག་དཀར་སྒྱུར་བྱས་པས། འདྲི་གཅོད་དང་པོས་དུས་བཙོན་ལོ་9དང་ཟླ་བ་6གི་ཉེས་ཆད་བཅད་ཡོད་པ་ཁྱབ་བསྒྲགས་བྱས་པ་རེད།
         པར་ཙིར་གྱི་《སའི་གོ་ལ་ཧྲིལ་པོའི་ཚགས་པར་》གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་དེར་མོ་ལུའོ་ཡིས་ཁྲིམས་བཅད་ཁྱབ་བསྒྲགས་བྱས་རྗེས་ལུའུ་ལཱ་ལ་བཅད་པའི་ཉེས་ཆད་འཕྲལ་མར་ལག་བསྟར་བྱ་རྒྱུ་མིན་པ་དང་། ལུའུ་ལཱ་ལ་སྔར་བཞིན་གོང་ལ་ཞུ་གཏུག་བྱ་རྒྱུའི་དབང་ཆ་ཡོད་ཅེས་བསྟན་པ་རེད།
        པར་ཙིར་རྡོ་སྣུམ་ཀུང་སིའི་རུལ་སུངས་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་དཔོན་ཡིན་པའི་མོ་ལུའོ་ཡིས་2016ལོའི་ཟླ་9པར་ཞིབ་དཔྱོད་ཁང་གིས་ལུའུ་ལཱ་ཡིས་ལྐོག་ཟ་རུང་སུངས་དང་དངུལ་ནག་དཀར་སྒྱུར་གྱི་བྱས་ཉེས་བསགས་པར་ཉེས་བགྲང་ཞུ་གཏུག་བྱས་དོན་དང་ལེན་བྱས་པ་ཁྱབ་བསྒྲགས་བྱས་པ་རེད། དེར་བརྟེན་ལུའུ་ལཱ་ནི་དངོས་སུ་པར་ཙིར་རྡོ་སྣུམ་ཀྲུང་སིའི་རུལ་སུངས་གྱོད་གཞིའི་དོགས་ཡོད་ཉེས་ཅན་དུ་གྱུར་ཅིང་། པར་ཙིར་ཁྲིམས་འཛིན་ལས་ཁུངས་ཀྱིས་ཀྱང་ཁོ་པའི་སྐོར་བརྟག་དཔྱད་བྱེད་འགོ་བརྩམས་པ་རེད།
         ལུའུ་ལཱ་ནི་པར་ཙིར་ཨའོ་ཡ་སི་ཨར་ལས་ཀུང་སི་དང་འབྲེལ་བ་དམ་པོ་ཡོད་པ་ཉེས་བགྲང་ཞུ་གཏུག་བྱས་པ་རེད། འདིའི་སྔོན་དུ། ཨའོ་ཡ་སི་ཨར་ལས་ཀུང་སི་ཡིས་སྲིད་གཞུང་གི་དཔོན་པོ་དང་པར་ཙིར་རྡོ་སྣུམ་ཀུང་སིའི་མཐོ་རིམ་དོ་དམ་པར་ལྐོག་རྔན་སྤྲད་ནས་དངུལ་གྲངས་མང་བའི་ཨར་ལས་གན་རྒྱ་ཐོབ་པ་ཉེས་བགྲང་ཞུ་གཏུག་བྱས་པ་དང་། ཀུང་སི་འདིའི་ཧྲེང་པའོ་ལུའོ་མངའ་སྡེའི་མཚོ་འགྲམ་གྲོང་ཁྱེར་ཀྭ་ལུའུ་ཡའི་གནས་གོང་ཆེ་བའི་སྡོད་ཁང་དེ་ལུའུ་ལཱ་ཡི་རྒྱུ་ནོར་ཡིན་པ་དོགས་པ་བྱེད་ཀྱི་ཡོད་པ་དང་། ལུའུ་ལཱ་ཡིས་སྡོད་ཁང་འདི་ལ་གཞི་རྒྱ་ཆེན་པོས་རྙིང་པ་གསར་བསྒྱུར་བྱེད་མྱོང་བ་རེད། 
         གཞན་ཡང་། ཞིབ་དཔྱོད་ཁང་གིས་ཉེས་བགྲང་ཞུ་གཏུག་བྱས་པར་གཞིགས་ན། ལུའུ་ལཱ་ཡིས་ཙུང་ཐུང་གི་འགན་ཁུར་པའི་སྐབས་སུ། འགན་དབང་བེད་སྤྱོད་དེ་པའོ་ལུའོ·ཁོ་སི་ཐ་སོགས་ལ་མུ་མཐུད་ནས་པར་ཙིར་རྡོ་སྣུམ་ཀུང་སིའི་མཐོ་རིམ་དོ་དམ་ལས་གནས་སུ་སྡོད་དུ་བཅུག་ནས་ཨའོ་ཡ་སི་ཨར་ལས་ཀུང་སི་ཡིས་ཨར་ལས་འཛུགས་སྐྲུན་རྣམ་གྲངས་སྔར་ལས་འཐོབ་བདེ་བར་བྱས་པ་རེད།
         ལུའུ་ལཱ་ཡི་ཁྲིམས་རོགས་ཚོགས་པས་འདིའི་སྔོན་དུ་ཁོ་ཚོས་ལུའུ་ལཱ་ལ་བྱས་ཉེས་ཡོད་པའི་ཉེས་ཆད་བཅད་པ་གང་ཞིག་ལའང་གོང་གཏུག་ཞུ་རྒྱུ་ཡིན་ཞེས་བསྟན་པ་རེད།
         ལུའུ་ལཱ་ནི་2003ལོའི་ཟླ་1པོར་པར་ཙིར་གྱི་ཙུང་ཐུང་གི་འགན་ཁུར་པ་དང་། 2007ལོའི་ཟླ་1པོར་ལས་ཁུར་བསྟུད་འཛིན་བྱས་ཤིང་། 2011ལོའི་ཟླ་བ་1པོར་ལས་གནས་ཕྱིར་འཐེན་བྱས་པ་རེད།
    ༄༅།།པར་ཙིར་གྱི་ཙུང་ཐུང་ཟུར་པ་ལུའུ་ལཱ་ལ་དུས་བཙོན་ལོ་9དང་ཟླ་བ་6གི་ཉེས་ཆད་བཅད་པ། 
      

    ཕྱོགས་བསྡུས་གསར་འགྱུར།