འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ནང་གི་སྣུམ་གོང་སྙོམས་སྒྲིག་སྒེའུ་ཁུང་དེ་རིང་ཕྱེ་སྟེ་ལས་ཁུངས་ཀྱིས་སྔོན་དཔག་བྱས་
    ནས་རང་འཇགས་སུ་གནས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་07ཉིན། 15:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ནང་གི་སྣུམ་གོང་སྙོམས་སྒྲིག་སྒེའུ་ཁུང་དེ་རིང་ཕྱེ་སྟེ་ལས་ཁུངས་ཀྱིས་སྔོན་དཔག་བྱས་
ནས་རང་འཇགས་སུ་གནས་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་7ཉིན་གྱི་ཆུ་ཚོད་24:00ཐོག རྒྱལ་ནང་གི་སྣུམ་སིལ་ཚོང་ཚད་བཅད་རིན་གོང་སྙོམས་སྒྲིག་སྒེའུ་ཁུང་སླར་ཡང་ཕྱེ་བ་རེད། འོན་ཀྱང་རྒྱལ་སྤྱིའི་སྣུམ་གོང"ཐེངས་དགུ་བསྟུད་མར་འཕར་བ"དེ་ཟླ་7ཚེས་5ཉིན་རིན་གོང་ཆེན་པོ་ཆག་པ་དེས་མཇུག་བསྒྲིལ་ཞིང་། ལས་ཁུངས་མང་པོས་སྔོན་དཔག་བྱས་ན་རྒྱལ་ནང་གི་སྣུམ་ཐེངས་འདིའི་རིན་གོང་སྙོམས་སྒྲིག་བྱ་རྒྱུར་ཕལ་ཆེར་རང་འཇགས་སུ་གནས་རྒྱུ་རེད། དེས་མ་ཚད་རྒྱལ་ནང་གི་ས་ཁུལ་མང་པོའི་སྣུམ་སྣོན་ས་ཚིགས་ཀྱི་སྣུམ་གོང་གཅོག་ཚུལ་རྒྱུན་མཐུད་ཀྱི་ཡོད་པས། སྒེར་གྱི་རླངས་འཁོར་བདག་པོདེས་མུ་མཐུད་ནས་སྣུམ་གོང་ཅུང་དམའ་བའི་ཕན་བདེ་ལོངས་སྤྱོད་བྱས་ཆོག་པ་རེད།
         སྣུམ་གོང་སྙོམས་སྒྲིག་ཐེངས་གོང་མ་མཇུག་བསྒྲིལ་བའི་བར། 2017ལོ་ནས་བཟུང་རྒྱལ་ནང་གི་སྣུམ"ཐེངས་དྲུག་ཆག་པ་དང་ཐེངས་བཞི་འཕར་ཞིང་ཐེངས་གཉིས་རང་འཇགས་སུ་གནས་པ"ཁྱོན་བསྡོམས་རིན་གོང་རྩིས་རྒྱག་དུས་འཁོར་ཐེངས་12བརྒྱུད་ཡོད་པ་དང་། རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་སྔ་ཕྱི་སྡེབ་རྩིས་བྱས་ན་འཕར་ཚད་སོ་སོར་ཏུན་རེར་སྒོར་460རེ་དང་ཏུན་རེར་སྒོར་445རེ་ཡིན་པ་དང་། སྔ་ཕྱི་སྡེབ་རྩིས་བྱས་ན་ཆག་ཚད་སོ་སོར་ཏུན་རེར་སྒོར་1065རེ་དང་ཏུན་རེར་སྒོར་1025རེ་ཡིན་ཞིང་། འཕར་ཆག་པ་གཉིས་ཕན་ཚུན་ཁ་འཐབ་བཏང་རྗེས། ལོ་འདིའི་ནང་དུ་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་སོ་སོར་ཏུན་རེར་སྒོར་སྒོར་605རེ་དང་ཏུན་རེར་སྒོར་580རེ་ཆག་པ་རེད། ཐེངས་འདི་སྣུམ་གོང་སྙོམས་སྒྲིག་བྱས་རྗེས་སྣུམ་གོང་སྙོམས་སྒྲིག་བྱས་ཚུལ་དེ"ཐེངས་དྲུག་ཆག་པ་དང་ཐེངས་བཞི་འཕར་ཞིང་ཐེངས་གཉིས་རང་འཇགས་སུ་གནས་པ"འབྲི་རྒྱུ་རེད།
       ཐེངས་འདིའི་རྩིས་རྒྱག་དུས་འཁོར་གྱི་ནང་ཟླ་བ་6པའི་ཟླ་མཇུག་ནས་འགོ་ཚུགས་ཏེ་རྒྱལ་སྤྱིའི་སྣུམ་གོང་རྒྱུན་མཐུད་ངང་ལྡོག་སྟེ་འཕར་བ་དང་། སྐབས་ཤིག་ལ་ཐེངས་དགུ་བསྟུད་མར་འཕར་བའི་གནས་ཚུལ་བྱུང་བས། མ་བཅོས་རྡོ་སྣུམ་གྱི་འགྱུར་ཚད་ཆད་གྲངས་ནས་འཕར་གྲངས་སུ་འགྱུར་བར་སྐུལ་ཁྲིད་བྱས་ཤིང་། རྒྱལ་ནང་གི་སྣུམ་གོང་སྙོམས་སྒྲིག་སྔོན་དཔག་བྱས་ཚུལ་ནི་དུས་འགོའི"ཐེངས་གསུམ་བསྟུད་མར་ཆག་པ"དེ་འཕར་བ་སྔོན་དཔག"བྱེད་པར་གྱུར་པ་རེད་། 
         ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་5ཉིན་(གཟའ་ལྷག་པ་)བར་དུ། OPECམ་བཅོས་རྡོ་སྣུམ་གྱི་ཐོན་འབོར་ཐེངས་གཉིས་པར་བསྟུད་མར་འཕར་བའི་ཆ་འཕྲིན་གྱི་ཤུགས་རྐྱེན་ཐེབས་པས། རྒྱལ་སྤྱིའི་སྣུམ་གོང་ཐེངས་དགུ་བསྟུད་མར་འཕར་བ་མཇུག་བསྒྲིལ་བ་དང་། ཨ་རིའི་(WTI)མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་གི་མཐའ་མའི་རིན་གོང་4.12%ཆག་པ་དང་། ཟོམ་རེར་ཨ་སྒོར་45.13ཡིན་པ་ཁྱབ་བསྒྲགས་བྱས་པས། ཟླ་6ཚེས་30ནས་བཟུང་དམའ་ཚད་གསར་གཏོད་བྱས་ཤིང་། པུ་ལུན་ཐེ་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་གི་མཐའ་མའི་རིན་གོང་3.67%ཆག་པ་དང་། ཟོམ་རེར་ཨ་སྒོར་47.79རེ་ཡིན་པ་ཁྱབ་བསྒྲགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།