འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་གཞུང་ལམ་གྱི་ཧའེ་ཐུང་ལུང་ཤུར་གྱི་ལམ་དུམ་བུ་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་07ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁྲོན་བོད་གཞུང་ལམ་གྱི་ཧའེ་ཐུང་ལུང་ཤུར་གྱི་ལམ་དུམ་བུ་ཤར་གཏོང་ཐུབ་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་4ཉིན་གྱི་ཆུ་ཚོད་17དང་སྐར་མ་40ཙམ་དུ་དྲག་ཆར་བབས་པའི་རྐྱེན་གྱིས་ཁྲོན་བོད་གཞུང་ལམ་ཧའེ་ཐུང་ལུང་ཤུར་གྱི་དུམ་བུའི་ས་ཆ་མང་པོར་རི་ཉིལ་བའི་གནས་ཚུལ་ཐོན། གནོད་འཚེ་ཐོན་རྗེས་ལམ་དུམ་དེའི་བདག་སྐྱོང་ཤར་གཏོང་གི་ལས་འགན་འཁུར་མཁན་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པས་འཕྲལ་མར་མྱུར་སྐྱོབ་ཀྱི་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ནས་འཕྲུལ་འཁོར་ཆེ་གྲས་མང་པོ་དང་དམག་མི་བཅུ་ལྷག་ཙམ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ལམ་བུ་ཤར་གཏོང་བྱེད་པ་དང་འབྲེལ་ས་གནས་དེ་གའི་སྤྱི་བདེར་འགྲིམ་འགྲུལ་བཀག་སྡོམ་བྱེད་རོགས་བྱས་པ་མ་ཟད། ཉེན་གྱར་མང་ཚོགས་དང་རླངས་འཁོར་ཉེན་ཁ་ལས་སྐྱོབ་ཆེད། དྲག་ཆས་ཉེན་རྟོག་དཔོན་དམག་གིས་མི་ངལ་གསོ་བརྒྱབ་ཀྱང་འཕྲུལ་ཆས་ངལ་གསོ་མི་རྒྱག་པར་བསྟུད་མར་ཆུ་ཚོད་བརྒྱད་ལྷག་ཙམ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཁྲོན་བོད་གཞུང་ལམ་གྱི་ཧའེ་ཐུང་ལུང་ཤུར་གྱི་དུམ་བུ་ཤར་གཏོང་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།