འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ལམ་318ཉིང་ཁྲི་ནས་ལྷ་ས་བར་གྱི་གཞུང་ལམ་(དུས་ཐེངས་གཉིས་པ་)ལས་གྲྭ་
    གཙོ་བོར་ཞིབ་བཤེར་རྩིས་ལེན་རགས་ཙམ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་07ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ལམ་318ཉིང་ཁྲི་ནས་ལྷ་ས་བར་གྱི་གཞུང་ལམ་(དུས་ཐེངས་གཉིས་པ་)ལས་གྲྭ་
གཙོ་བོར་ཞིབ་བཤེར་རྩིས་ལེན་རགས་ཙམ་བྱས་པ།
         མི་དམངས་དྲ་བའི་འཕྲིན། རྒྱལ་ལམ་318ཉིང་ཁྲི་ནས་ལྷ་ས་བར་གྱི་གཞུང་ལམ་(དུས་ཐེངས་གཉིས་པ་)ལས་གྲྭ་གཙོ་བོའི་བར་ལ་ཕུག་ལམ་ཕུད་པའི་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་པ་དང་སྦྲགས་ཟླ་6ཚེས་30ཉིན་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་དང་། འཕེལ་སྒྱུར། སྤྱི་བདེ། ཁོར་ཡུག་སྲུང་སྐྱོང་། རྒྱལ་ཁབ་ས་ཆ་ཐོན་ཁུངས། བདེ་འཇགས་ལྟ་སྐུལ། ཆུ་བེད། ནགས་ལས་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་ཞིབ་བཤེར་རགས་ཙམ་བྱས་པ་རེད། དེས་ན་རང་ལྗོངས་ཀྱི་རིམ་པ་མཐོ་བའི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་500ཙམ་ཟིན་ཡོད་པ་རེད།
         ཉིང་ལྷ་(དུས་ཐེངས་གཉིས་པ་)ལས་གྲྭའི་འགོ་ཀོང་པོ་རྒྱ་མདའ་རྫོང་གྲོང་ནུབ་ནས་བཙུགས་པ་དང་མཇུག་མལ་གྲོ་གུང་དཀར་རྫོང་གྲོང་ནུབ་ནས་བསྡུས་ཏེ་སྤྱི་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་236ཙམ་ཟིན་པ་དང་། རླངས་འཁོར་བཞི་སྒྲིག་སྐྱོད་ཐུབ་པའི་རིམ་པ་དང་པོའི་གཞུང་ལམ་གང་ཞིག་ལམ་ཧྲིལ་པོ་སྒྲོམ་སྐྱོར་ལྡན་པ་དང་སྟེང་འོག་གཉིས་ལྡན་གྱི་ཚད་གཞི་ལྟར་བསྐྲུན་ཡོད་པས་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་80ཇུས་འགོད་བྱས་ཡོད། བསྐྲུན་ཟིན་པའི་(དུས་ཐེངས་གཉིས་པ་)ལམ་དུམ་བུ་དང་སྦྲེལ་མཐུད་ཐུབ་ཚེ་ལམ་ཐག་ཁྱོན་སྤྱི་ལེ་398ཟིན་པ་ནི་བོད་ཀྱི་མིག་སྔའི་རིམ་པ་མཐོ་བའི་གཞུང་ལམ་རིང་ཤོས་དེ་ཡིན་པ་དང་རླངས་འཁོར་སྐྱོད་པའི་དུས་ཚོད་ཀྱང་སྔོན་མའི་ཆུ་ཚོད་7ནས་ཆུ་ཚོད་4བར་ཐུང་དུ་འགྲོ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།