འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རའི་(ཁུ་ལུ་སྨུག་པོ་)རྒྱལ་ཁབ་རིམ་པའི་རྒྱུད་པ་སྲུང་སྐྱོང་ར་བའི་རེ་ཞུ་
    ལམ་ལྷོངས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་07ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་3ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱས་པར། ཞིང་ལས་པུས་བོད་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་ཁུ་ལུ་སྨུག་པོའི་རའི་དེ་སྔའི་རྒྱུད་པ་གསོ་སྤེལ་ར་བ་དེ་བོད་ཀྱི་རའི་(ཁུ་ལུ་སྨུག་པོ་)རྒྱལ་ཁབ་རིམ་པའི་རྒྱུད་པ་སྲུང་སྐྱོང་ར་བར་རིམ་སྤོར་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་རའི་རྒྱུད་པའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་སྔར་བས་ཡག་པོ་བྱ་ཆེད་དུས་རབས་གོང་མའི་ལོ་རབས་90པ་ནས་བཟུང་བོད་རང་སྐྱོང་ལྗོངས་སྲོག་ཆགས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་(ཕྱུགས་ལས་སྤྱི་ཁྱབ་ས་ཚིགས་)ཀྱིས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ཁུ་ལུ་སྨུག་པོའི་ར་གཅིག་ཏུ་བསྡུས་ནས་གསོ་བའི་ལས་དོན་སྤེལ་བ་རེད། 《སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པའི་ཐོན་ཁུངས་ཀྱི་རྒྱུད་པ་སྲུང་སྐྱོང་ར་བའི་སྲུང་སྐྱོང་ཁུལ་དང་གཞི་རྒྱུའི་མཛོད་དོ་དམ་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་ལྗོངས་ཀྱི་ཞིང་འབྲོག་སྡེ་ཚན་གྱིས་རྒྱལ་ཁབ་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་ཐོན་ཁུངས་ཨུ་ལྷན་དུ་བོད་ཀྱི་རའི་(ཁུ་ལུ་སྨུག་པོ་)རྒྱལ་ཁབ་རིམ་པའི་རྒྱུད་པ་སྲུང་སྐྱོང་ར་བར་རིམ་སྤོར་བྱ་རྒྱུའི་རེ་ཞུ་ཕུལ་བས་དུས་འགོའི་རེ་ཞུའི་དཔྱད་གཞིར་ཞིབ་དཔྱད་དང་། རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་ཁུངས་སྲུང་སྐྱོང་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ས་གནས་ས་ཐོག་གི་ཞིབ་བཤེར་རྩིས་ལེན། རིགས་གཅིག་མཁས་ཅན་གྱི་ཞིབ་བཤེར་གཏན་འབེབས་ཚོགས་འདུའི་ཐོག་གཏན་འབེབས་བྱས་པ་བཅས་བརྒྱུད་ཞིང་ལས་པུས་ཟླ་བ་འདིའི་ནང་རྒྱུད་པ་སྲུང་སྐྱོང་ར་བ་དེར་དངོས་སུ་ཆོག་མཆན་སྤྲོད་རྒྱུའི་ཡོངས་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།