འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཤང་ཀང་འགག་སྒོ་ཡིས་ལོ་30རིང་གི་བ་སོ་ལྐོག་ཚོང་གྱོད་གཞི་ཆེས་ཆེ་བ་ཞིག་རྩད་ཆོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་07ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཤང་ཀང་འགག་སྒོ་ཡིས་ལོ་30རིང་གི་བ་སོ་ལྐོག་ཚོང་གྱོད་གཞི་ཆེས་ཆེ་བ་ཞིག་རྩད་ཆོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་6ཉིན། ཤང་ཀང་འགག་སྒོ་ཡིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་འཚོགས་ཏེ་ཁྲིམས་འཛིན་མི་སྣས་བ་སོ་སྤྱི་རྒྱ་7215ཞིབ་བཤེར་རྩིས་ལེན་བྱས་ཤིང་། ཁྲོམ་རའི་རིན་ཐང་ཧ་ལམ་ཤང་ཀང་སྒོར་མོ་ཁྲི་7200རི་བ་དང་། འདི་ནི་ཤང་ཀང་འགག་སྒོ་ཡིས་ལོ་ངོ་30ཡི་རིང་ལ་རྩད་ཆོད་པའི་བ་སོ་ལྐོག་འཚོང་གྱོད་གཞི་ཆེས་ཆེ་བ་ཞིག་ཡིན་ལ། ཁྲིམས་འགལ་མི་སྣས་འཁྱགས་སྒམ་བེད་སྤྱད་དེ་བ་སོ་ལྐོག་འདྲེན་བྱས་པ་ཐོག་མ་ཤེས་པའང་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
           ཟླ་7ཚེས་4ཉིན། ཤང་ཀང་འགག་སྒོའི་ལས་བྱེད་མི་སྣས་མ་ལེ་ཞི་ཡ་ནས་ཤང་ཀང་དུ་འབྱོར་ཞིང་། སྒོ་ཁྲལ་གནས་ཞུའི་ནང་འཁྱག་ཉ་བླུགས་ཡོད་ཅེས་པའི་ཟོག་སྒམ་ཞིག་ཟུར་འཐེན་ཞིབ་བཤེར་བྱེད་སྐབས། འགག་སྒོའི་ལས་བྱེད་མི་སྣས་ཟོག་སྒམ་ནང་དུ་འཁྱག་ཉ་བླུགས་ཡོད་པའི་ཤོག་སྒམ་གྱི་འོག་ལ་བ་སོ་ཡོད་པ་ཤེས་རྟོགས་བྱུང་བ་རེད། འགག་སྒོ་མི་སྣས་ཐུན་མོན་དུ་གྱོད་འབྲེལ་མི་སྣ་གསུམ་སྟེ་སྐྱེས་པ་གཅིག་དང་བུད་མེད་གཉིས་འཛིན་བཟུང་བྱས་ལ། ཁོ་ཚོའི་ལོ་ཚོད་ནི་42ནས་57གྱི་བར་ཡིན་པ་རེད།
    ༄༅།།ཤང་ཀང་འགག་སྒོ་ཡིས་ལོ་30རིང་གི་བ་སོ་ལྐོག་ཚོང་གྱོད་གཞི་ཆེས་ཆེ་བ་ཞིག་རྩད་ཆོད་པ།
    ༄༅།།ཤང་ཀང་འགག་སྒོ་ཡིས་ལོ་30རིང་གི་བ་སོ་ལྐོག་ཚོང་གྱོད་གཞི་ཆེས་ཆེ་བ་ཞིག་རྩད་ཆོད་པ།
      

    ཕྱོགས་བསྡུས་གསར་འགྱུར།