འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྒྱལ་སྲུང་སྲིད་ཇུས་འཆད་ཁྲིད་ཚོགས་པས་ས་ར་
    ཡེ་ཝོར་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་07ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྒྱལ་སྲུང་སློབ་ཆེན་འགོག་སྲུང་ལས་དོན་སློབ་གླིང་གི་དེ་སྔའི་ཡོན་ཀྲང་ཀྲང་དབྱིང་ལིས་སྣེ་ཁྲིད་གནང་བའི་རྒྱལ་སྲུང་སྲིད་ཇུས་འཆད་ཁྲིད་ཚོགས་པས་ཚེས་4ཉིན་བྷོ་ཧེར་གྱི་རྒྱལ་ས་ས་ར་ཡེ་ཝོར་འཆད་ཁྲིད་བྱས་ཏེ་ཀྲུང་གོའི་རྒྱལ་སྲུང་སྲིད་ཇུས་དང་། དམག་དཔུང་སྒྱུར་བཅོས། རྒྱལ་སྤྱིའི་བདེ་འཇགས་མཉམ་ལས་སོགས་ཀྱི་གནས་ཚུལ་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་རེད།
         བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་ཅིང་། འཆད་ཁྲིད་ཚོགས་པས་ཕྱི་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐད་སྐུ་མགྲོན་རྣམས་དང་ལྷག་བསམ་ཟོལ་མེད་དང་མཛའ་གྲོགས་ལྡན་པའི་ངང་སྤེལ་རེས་བྱས་པས། ཡིད་ཆེས་ཆེར་གཏོང་དང་དོགས་སེལ་དང་བསམ་ཤེས་བྱེད་ཟབ་ཏུ་གཏོང་བའི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
         བྷོ་ཧེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དྲག་དཔོན་ལུའོ་ཐེ་ཧྥུང་གིས་ཤིས་ཚིག་གསུངས་པ་དང་། བྷོ་ཧེར་དམག་གི་གཡུལ་འགྱེད་སི་ལིང་པུའི་སི་ལིང་གཞོན་པ་ཨ་ཧེ་སྨི་ཆིས་འཆད་ཁྲིད་གཙོ་སྐྱོང་གནང་བ་རེད། བྷོ་ཧེར་དམག་གི་མཐོ་རིམ་དཔོན་དང་དེ་བཞིན་བྷོ་ཧེར་ཇུས་འདོན་ཚོགས་པ་དང་། མཐོ་སློབ། ཚན་ཞིབ་སྒྲིག་གཞི་བཅས་ཀྱི་རིགས་གཅིག་མཁས་ཅན་དང་། མཁས་དབང་། བྷོ་ཧེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཕྱི་འབྲེལ་དཔོན་སོགས་མི་80ལྷག་ཙམ་འཆད་ཁྲིད་ལ་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།