འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གྱིས་ཀྲུང་གོ་དང་འཇར་མན་གྱི་ཚོང་
    དོན་འབྲེལ་བ་ཟབ་ཏུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་07ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འགག་སྒོས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་དང་པོ་ནས་ལྔ་པའི་བར་ཀྲུང་གོ་དང་འཇར་མན་གྱི་ཕྱོགས་གཉིས་པོའི་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་4345.5ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་13.4%འཕར་ཡོད། དེའི་ནང་རང་རྒྱལ་གྱིས་འཇར་མན་ལ་སྒོར་དུང་ཕྱུར་1872.4རི་བའི་ཚོང་ཟོག་ཕྱིར་གཏོང་བྱས་པ་དེ་14.7%འཕར་བ་དང་། འཇར་མན་ནས་སྒོར་དུང་ཕྱུར་2473.1རི་བའི་ཚོང་ཟོག་ནང་འདྲེན་བྱས་པ་དེ་12.4%འཕར་བ། འཇར་མན་དབར་གྱི་ཚོང་དོན་ལྡོག་ཁྱད་སྒོར་དུང་ཕྱུར་600.7ཟིན་པ་དེ་5.8%འཕར་ཡོད།
         འགག་སྒོའི་གྲངས་གཞི་ནས་ཁྲུང་ཆིང་དང་། ཤིན་ཅང་། ཡོ་རོབ་བཅས་བརྒྱུད་པའི་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་འཕེལ་རྒྱས་མྱུར་པོ་འགྲོ་བའི་སྒུལ་ཤུགས་ཆེན་པོའི་སྐུལ་ཁྲིད་འོག་ཀྲུང་གོ་དང་འཇར་མན་དབར་གྱི་ཚོང་དོན་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་སོང་ཡོད། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་ཁྲུང་ཆིང་འགག་སྒོས་ཁྲུང་ཆིང་དང་། ཤིན་ཅང་། ཡོ་རོབ་བཅས་བརྒྱུད་པའི་དུས་གཏན་མེ་འཁོར་ཐེངས་234དང་ཚད་ལྡན་ཟོག་སྒམ་ཁྲི་1.99ལྟ་སྐུལ་དོ་དམ་བྱས་པ་དེ་དུས་མཚུངས་ལས་105.26%དང་108.80%སོ་སོར་འཕར་བ་མངོན་ཡོད། ཧང་ཀྲོའུ་འགག་སྒོའི་གྲངས་གཞི་ནས་ན་ནིང་གི་ཟླ་5ཚེས་31ཉིན་རྒྱལ་ཡོངས་ཀྱི་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ལ་དབོར་བའི་རྒྱལ་སྒྲོལ་དྲ་ཐོག་ཚོང་པའི་ནང་འདྲེན་ཚོང་ཟོག་ཁག་དང་པོ་ཧང་ཀྲོའུ་ཕྱོགས་བསྡུས་ཚོད་ལྟ་ཁུལ་དུ་འབྱོར་བ་ནས་བཟུང་། “འཇར་མན་ལན་པར”ཞེས་པའི་རྒྱལ་སྒྲོལ་དྲ་ཐོག་ཚོང་ཟོག་དེ་བས་མང་བ་ཀྲུང་གོ་དང་ཡོ་རབ་དབར་གྱི་དུས་གཏན་མེ་འཁོར(དབྱི་ཝུའུ)བརྒྱུད་ནང་འདྲེན་བྱས་པ་མངོན་ཡོད། ལོ་གཅིག་ལྷག་ཙམ་རིང་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་(དབྱི་ཝུའུ་)བརྒྱུད་ནས་ནང་འདྲེན་བྱས་པའི་འཇར་མན་གྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་ཟོག་གི་རིན་ཐང་སྒོར་ཁྲི་6400ལྷག་ཙམ་ཟིན་པ་དེས་དུས་མཚུངས་ཀྱི་ཀྲུང་གོ་དང་ཡོ་རབ་དབར་གྱི་དུས་གཏན་མེ་འཁོར་(དབྱི་ཝུའུ་)བརྒྱུད་ནས་ནང་འདྲེན་བྱས་པའི་རྒྱལ་སྒྲོལ་ཚོང་ཟོག་གི་རིན་ཐང་བསྡོམས་འབོར་ནས་37%བཟུང་ཡོད། ཟླ་དྲུག་པའི་ཟླ་མཇུག་བར“ཉིང་པོ་ནས་འཇར་མན་གྱི་ཧན་པའོ་བར”གྱི་བདེ་འཇགས་རིག་ནུས་ཚོང་དོན་ཚོད་ལྟ་ཁུལ་གྱི་མཚོ་ལམ་ཤར་གཏོང་བྱས་ནས་ཟླ་གཅིག་ཧྲིལ་པོ་སོང་རིང་ཉིང་པོའི་འགག་སྒོས་འབྲེལ་ཡོད་འགག་སྒྲོལ་སྙན་ཞུ་ཁག་8བདག་སྤྲོད་བྱས་པའི་ཚོང་ཟོག་གི་རིན་ཐང་སྒོར་ཁྲི་831.25ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།