འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་ལས་རིགས་ཁག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་འཚམས་འདྲི་གནང་
    བར་ཚད་མཐོའི་གདེང་འཇོག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་07ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་3དང་ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་རེད། ད་ཐེངས་ཀྱི་འཚམས་འདྲི་གནང་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བར་མགྲིན་གཅིག་ཏུ་མོས་མཐུན་གནང་བས། ཆུ་ཚད་མཐོ་བ་དང་ནུས་ལྡན་གྱི་ཀྲུང་ཨུའི་འབྲེལ་བ་རྒྱལ་ཁབ་གཉིས་དབར་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་འདེད་ཆས་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་གི་རྨང་རྡོར་འགྱུར་རྒྱུ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཨུ་རུ་སུར་འཚམས་འདྲི་གནང་བ་དེར་ཨུ་རུ་སུའི་ལས་རིགས་ཁག་གིས་ཚད་མཐོའི་གདེང་འཇོག་བྱས་པ་དང་སླད་ཕྱིན་ཨུ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་རེ་བ་ཆེན་པོ་བཅོལ་བ་དང་འབྲེལ་རྒྱལ་ཁབ་གཉིས་ཀྱིས་ནུས་ཤུགས་མཉམ་འདོན་གྱིས་རྒྱལ་སྤྱིའི་བདེ་འཇགས་དུས་བབ་ཀྱི་འཇིགས་སྐུལ་ལ་ཁ་གཏད་གཅོག་པའི་བྱ་ཐབས་ལ་བསྔགས་བརྗོད་བྱས་པ་རེད།
         ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་གླེང་མོལ་གནང་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཨུ་རུ་སུར་འཚམས་འདྲི་གནང་བར་ཕེབས་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས། ཨུ་རུ་སུའི་འཐབ་ཇུས་འཕེལ་རྒྱས་ལད་མོ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཐེ་ལུའོ་ཧྥེ་མུའུ་ཆིའུ་ཁེ་ཡིས་ཕུའུ་ཅིང་གིས་གསུངས་པ་བཞིན་ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཨུ་རུ་སུར་འཚམས་འདྲི་གནང་བར་ཕེབས་པ་ནི་ཨུ་རུ་སུའི་2017ལོའི་བྱ་བ་གལ་ཆེན་གྱི་གྲས་ཤིག་རེད། ཨུ་ཀྲུང་འབྲེལ་བ་རྦད་དེ་ཆུ་ཚད་མཐོ་པོར་གནས་ཡོད་པ་ལས་འཛམ་གླིང་གི་དུས་བབ་ལ་འགྱུར་ལྡོག་གང་ཞིག་བྱུང་ཡང་ཨུ་ཀྲུང་མཛའ་གྲོགས་འབྲེལ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་མི་སྲིད་པ་མཚོན་ཡོད་ཅེས་བཤད།
         ཁོང་གིས་ཞི་ཅིན་ཕིང་དང་ཕུའུ་ཅིང་གི་མཇལ་འཛོམས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཧན་པའོ་དབུ་ཚོགས་ཀྱི་སྔ་ནུབ་ཏུ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣས་ཨུ་ཀྲུང་འབྲེལ་བར་གྲོས་བསྡུར་གནང་བ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ཀྱི་གླེང་མང་བའི་གནད་དོན་ཚང་མར་གྲོས་བསྡུར་གནང་ནས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞིབ་འཇུག་དང་འཆར་འགོད་གནང་ཡོད། རྒྱལ་ཁབ་གཉིས་པོས་《མིག་སྔའི་འཛམ་གླིང་གི་དུས་བབ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས་》ལ་མིང་རྟགས་བཀོད་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ཁྲོད་ཀྱི་འཇིགས་སྐུལ་དང་འགྲན་སློང་ལ་ནུས་ཤུགས་མཉམ་འདོན་གྱིས་ཁ་གཏད་གཅོག་དགོས་པའི་རེ་འབོད་བྱས་ཡོད་ཅེས་བཤད།
         ནུས་ཁུངས་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འཕེལ་རྒྱས་ཁྱབ་ཁོངས་གཙོ་བའི་གྲས་ཤིག་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གྲོས་མོལ་གནང་སྐབས་ནུས་རྒྱུའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་མོས་མཐུན་གནང་ཡོད། ཨུ་རུ་སུ་ཚན་རིག་ཁང་རྒྱང་ཤར་ཞིབ་འཇུག་སུའོ་ཨེ་ཤེ་ཡ་ཤར་བྱང་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཐབ་ཇུས་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་སྦྲེལ་མཐུད་ཞིབ་འཇུག་པ་ཧྥེ་ལ་ཅི་སྨིར·མཱ་ཐེ་ཝེ་ཡེ་ཧྥུ་ཡིས་ཀྲུང་གོའི་ཁྲོམ་རར་རང་བྱུང་སོལ་རླངས་མཁོ་ཚད་མང་དུ་འགྲོ་བར་བརྟེན་ཨུ་ཀྲུང་གིས་དེ་སྔོན་བཞག་པའི་གྲོས་མཐུན་གཞིར་བཟུང་2018ལོར་ཨུ་རུ་སུས་ཀྲུང་ཨུའི་ཤར་རྒྱུད་ནས་ཀྲུང་གོར་སོལ་རླངས་མཁོ་འདོན་བྱ་རྒྱུ་ཡིན་པ་དང་། སོལ་རླངས་མཁོ་འདོན་བྱེད་ཚད་ལོ་རེ་བཞིན་མང་དུ་བཏང་སྟེ་མཐར་ལོ་ལྟར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་380ཟིན་པ་བྱ་རྒྱུ་རེད། དེ་དག་ཕུད་གཞན་ཡང་ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ད་དུང་རྒྱལ་ཁབ་གསུམ་པའི་ཁྲོམ་རའི་མཉམ་ལས་གྲོས་མཐུན་བཞག་སྟེ་ཀྲུང་གོའི་ཁྲོམ་ར་ཨུ་རུ་སུའི་རང་བྱུང་སོལ་རླངས་ཀུང་སིས་ཨེ་ཤེ་ཡའི་ཁྲོམ་ར་གསར་སྤེལ་བྱེད་སའི་རྨང་གཞིར་འགྱུར་ངེས་རེད་ཅེས་བཤད།
         གཞན་ཡང་རྒྱལ་སྲུང་དང་དམག་དོན་མཉམ་ལས་ཀྱི་ཐད་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མིང་རྟགས་བཀོད་པའི་《ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས་》ནང་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་དང་ས་ཁུལ་དང་འཛམ་གླིང་གི་དུས་བདེ་ཞི་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བསྟན་ཡོད། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡིས་མིག་སྔར་རྒྱལ་ཁབ་གཉིས་པོའི་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་ཕྱིན་པ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་དང་ས་ཁུལ་གྱི་བདེ་འཇགས་ལས་དོན་སྐོར་གྱི་གླེང་མོལ་ལ་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ཅེས་བཤད།
         མོ་སི་ཁོ་ཡི་ཕྱི་རྒྱལ་སྐད་ཡིག་སློབ་གྲྭ་ཞིག་གི་དགེ་རྒན་མ་ལིན་ནཱ་ཡིས་ཞི་ཀྲུའུ་ཞིས་ཨུ་རུ་སུར་འཚམས་འདྲི་གནང་བར་ཕེབས་པས་ཨུ་ཀྲུང་གི་མཛའ་གྲོགས་སྔར་བས་ཟབ་ཏུ་དང་རྒྱལ་ཁབ་གཉིས་དབར་གྱི་རིག་གནས་སྤེལ་རེས་སྔར་བས་མང་དུ་ཕྱིན་པ་དཔེར་ན། ཕན་ཚུན་དབར་ཕྱི་རྒྱལ་སྐད་ཡིག་གི་ལོ་དང་དབྱར་ཁའི་སྒར་ས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། ད་ཆ་ཨུ་རུ་སུར་རྒྱ་ཡིག་སློབ་ཚན་འཁྲིད་མཁན་སློབ་གྲྭ་ཇེ་མང་དུ་འགྲོ་བར་བརྟེན་ཨུ་རུ་སུ་བ་དེ་བས་མང་བས་ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོར་དགའ་པོ་བྱེད་འགོ་ཚུགས་ཡོད་ཅེས་བཤད།
         ཨུ་རུ་སུའི་ལོ་ཙཱ་ཀུང་སི་ཞིག་གི་སྤྱི་ཁྱབ་ཅིང་ལི་ཅི་ལིར·པ་ཐེ་ཅིན་གྱིས་ད་རེས་ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུར་འཚམས་འདྲི་གནང་བར་ཕེབས་པ་ལས་ཀྲུང་གོས་ཨུ་རུ་སུ་དང་ཨུ་རུ་སུའི་མི་དམངས་ལ་གཅེས་འཛིན་བྱེད་པ་དང་། ཨུ་རུ་སུའི་དམངས་ཚོགས་དང་མཉམ་དུ་ཨུ་རུ་སུའི་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་པ་མཐོང་ཐུབ། ད་རེས་ཀྱི་འཚམས་འདྲི་ལས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་དེ་བས་ཡངས་པའི་མཉམ་ལས་ཀྱི་མདུན་ལམ་བསུ་ཐུབ་ངེས་དང་ཨུ་རུ་སུའི་དམངས་ཚོགས་ཀྱིས་ཕྱོགས་གཉིས་པོའི་རྣམ་གྲངས་ཆེ་གྲས་ལས་བྱུང་བའི་དེ་བས་མང་བའི་གོ་སྐབས་ལོངས་སུ་སྤྱོད་ཐུབ་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།