འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུའུ་ཡིས་འོས་འགན་སློབ་གསོའི་སྐད་ཡིག་དང་ལོ་རྒྱུས་སོགས་ཀྱི་སློབ་ཚན་ལ་ངེས་
    པར་དུ་གཏན་འཁེལ་བྱས་པའི་སློབ་དེབ་བེད་སྤྱོད་བྱ་དགོས་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་4ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་གསལ། འོས་འགན་སློབ་གསོ་དུས་རིམ་གྱི་ཀུན་སྤྱོད་དང་། ཁྲིམས་སྐྱོང་། སྐད་ཡིག ལོ་རྒྱུས། སློབ་ཆུང་གི་ཚན་རིག་སློབ་ཁྲིད་བཅས་ཀྱི་སློབ་དེབ་བེད་སྤྱོད་ལས་ཀ་ལེགས་འགྲུབ་བྱ་ཆེད། ཉེ་ཆར་སློབ་གསོ་པུའུ་ཡིས་བརྡ་ཐོ་བཏང་ནས་འབྲེལ་ཡོད་སློབ་ཁྲིད་ལ་ངེས་པར་དུ་《2017ལོའི་འོས་འགན་སློབ་གསོའི་ཀུན་སྤྱོད་དང་། ཁྲིམས་སྐྱོང་། སྐད་ཡིག ལོ་རྒྱུས། སློབ་ཆུང་གི་ཚན་རིག་སློབ་ཁྲིད་བཅས་ཀྱི་སློབ་དེབ་བེད་སྤྱོད་དཀར་ཆག་》ནང་ཡོངས་བསྒྲགས་བྱས་པའི་སློབ་དེབ་བེད་སྤྱོད་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
         སློབ་རིམ་ཐོག་མ་འགོ་ཚུགས་པ་དག་གིས་2017ལོ་ནས་བཟུང་སློབ་རིམ་དང་པོའི་སློབ་ཆུང་གི་ཚན་རིག་སློབ་ཚན་དུ་ལེགས་སྒྲིག་བྱེད་འགོ་འཛུགས་རྒྱུ་དང་། བརྡ་ཐོའི་ནང་དུ་རྩོམ་སྒྲིག་དཔེ་སྐྲུན་ལས་ཁུངས་ཁག་གིས་སློབ་ཚན་གསར་པའི་ཚད་གཞིར་གཞིགས་ཏེ་ད་ལྟ་བེད་སྤྱོད་པའི་སློབ་ཆུང་གི་ཚན་རིག་སློབ་ཚན་ལ་དག་བཅོས་བྱས་ཡོད་པ་མ་ཟད། ད་དུང་སློབ་རིམ་དང་པོ་དང་གཉིས་པའི་སློབ་དེབ་རྩོམ་སྒྲིག་འཕར་མའང་བྱས་ཡོད་ཅིང་། ཞུ་དག་གཏན་འབེབས་བྱས་ཏེ་གྲོས་འཆམ་བྱུང་བའི་རྩོམ་སྒྲིག་འཕར་མ་བྱས་པའི་སློབ་དེབ་2017ལོའི་སློབ་ཆུང་གི་སློབ་རིམ་དང་པོ་ནས་བེད་སྤྱོད་བྱེད་འགོ་རྩོམ་རྒྱུ་དང་། སློབ་རིམ་གསུམ་པ་ནས་དྲུག་པའི་བར་གྱིས་ད་སྔར་བེད་སྤྱོད་པའི་སློབ་དེབ་བེད་སྤྱོད་བྱ་རྒྱུ་ཡིན་པ་བསྟན་པ་རེད།
         བརྡ་ཐོའི་ནང་དུ་ད་དུང་སློབ་དེབ་ཚང་མར་སློབ་ཁྲིད་རམ་འདེགས་དཔྱད་ཡིག་གི་སྦྲེལ་མཐུད་དྲ་ཚིགས་དང་། རྩ་གཉིས་རྟགས་རིས་སོགས་ཀྱི་ཆ་འཕྲིན་བཀོད་མི་ཆོག་པ་མ་ཟད། ད་དུང་ས་གནས་ཁག་ལ་གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་བྱས་ནས་སློབ་འགོ་མ་ཚུགས་གོང་དུ་སློབ་དེབ་འབྱོར་ཐུབ་པའི་འགན་ལེན་ཏན་ཏིག་བྱ་དགོས་པའི་བླང་བྱའང་བཏོན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།