འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་གཉེར་ལས་ཁུངས་མཐའ་
    སྲུང་སྡེ་ཚན་གྱིས“ཐེན་ཧྲན་——ཨང་གསུམ་པ(2017)”ཞེས་པའི་མཉམ་
    འབྲེལ་འཇིགས་རྒོལ་ནང་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་གཉེར་ལས་ཁུངས་མཐའ་
སྲུང་སྡེ་ཚན་གྱིས“ཐེན་ཧྲན་——ཨང་གསུམ་པ(2017)”ཞེས་པའི་མཉམ་
འབྲེལ་འཇིགས་རྒོལ་ནང་སྦྱོང་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན་གྱི་ཆུ་ཚོད་11དང་སྐར་མ་30ཙམ་ལ་ཚབ་རྟགས“ཐེན་ཧྲན་——ཨང་གསུམ་པ(2017)”ཞེས་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཀྲུང་ཁེར་མཐའ་སྲུང་སྡེ་ཚན་གྱི་མཉམ་འབྲེལ་འཇིགས་རྒོལ་ནང་སྦྱོང་དེ་ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་སུ་དུས་གཅིག་ཏུ་བྱེད་འགོ་ཚུགས་ཤིང་། རྒྱལ་ཁབ་གཉིས་པོའི་མཐའ་སྲུང་སྡེ་ཚན་གྱིས“གཡུལ་ས་དངོས་དང་། དམག་མི་དངོས་སུ་གཏོང་བ། གོ་མཚོན་དངོས་སྤྱོད་པ། མདེའུ་ངོ་མ་སྤྱོད་པ། འབར་གཏོར་དངོས་སུ་བྱེད་པའི”རྣམ་པ་སྤྱད་པ་དང་ནང་སྦྱོང་གི་ནང་དོན་ནས་འདྲ་བཟོས་བཀག་རྡོ་བཙུགས་པ་ཚང་མ“དམག་མཐབ་དངོས”དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་དམག་ཤུགས་བཀོད་སྒྲིག་དང་། སྐབས་བསྟུན་དམག་འཐབ། མཉམ་འབྲེལ་བཀོད་འདོམས། མཐུན་སྦྱོར་གཞོགས་འདེགས། ཐུན་མོང་ཐོག་གཏུམ་སྤྱོད་འཇིགས་སྐུལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ་བཅས་ཐད་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་རྒྱལ་སྤྱིའི་ཁྲིམས་བསྟར་མཉམ་ལས་ཀྱི་ལེའུ་གསར་པ་བརྩམས་ཡོད།
         ཧྲའེ་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཇིགས་རྒོལ་སྒྲིག་གཞིའི་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་ཧ་སག་སི་ཐན་དང་། ཀྲུང་གོ ཁེར་གྷི་སི་ཐན། ཨུ་རུ་སུ། ཐ་ཇིག་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་སོགས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་6གི་མཐའ་སྲུང་སྡེ་ཚན་གྱི་འཐུས་ཚབ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་ཁུལ་འཇིགས་རྒོལ་སྒྲིག་གཞིའི་ལག་བསྟར་ཨུ་ལྷན་གྱི་འཐུས་ཚབ། ཀྲུང་གོའི་སྤྱི་བདེ་པུའུ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་དང་སྒྲིག་གཞིར་བཅའ་སྡོད་ཀྲུང་གོའི་ཉེན་དོན་འབྲེལ་གཏུག་དཔོན། རྒྱུན་སྡོད་འཐུས་མི་བཅས་ཀྱིས་ས་གནས་ས་ཐོག་ཏུ་ནང་སྦྱོང་ལ་ལྟ་སྦྱོང་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ནང་སྦྱོང་ནང་ཞུགས་མཁན་ཕྱོགས་གཉིས་པོའི་དཔུང་སྡེས་ཁྱོན་དམག་མི་700ཙམ་བཏང་སྟེ་ཀྲུང་ཁེར་མཐའ་སྲུང་རིམ་གསུམ་འཐུས་ཚབ་འབྲེལ་གཏུག་ལམ་ལུགས་ལ་བརྟེན་ནས་མཉམ་འབྲེལ་འཇིགས་རྒོལ་བཀོད་འདོམས་ལམ་སྲོལ་ལག་ལེན་བསྟར་བ་དང་། རིགས་ཁག་གི་འཇིགས་སྐུལ་འཇབ་རྒོལ་བྱེད་སྤྱོད་ཐག་གཅོད་ཡང་དག་བྱས་པ། འཇིགས་སྐུལ་དོགས་གཞི་ཡོད་མཁན་ཚང་མ་མཉམ་དུ་མེད་པ་བཟོས་པ། མཚོན་ཆ་དང་། མེ་མདའ། མདེའུ་འགའ་གཞུང་བཞེས་བཏང་བས། ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་མཐའ་སྲུང་སྡེ་ཚན་གྱི་མཐའ་མཚམས་དང་འགག་སྒོར་དོ་དམ་ཚོད་འཛིན་བྱེད་པའི་ནུས་པ་དང་མཉམ་འབྲེལ་ཐོག་འཇིགས་སྐུལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆོད་སེམས་དང་བྱ་ཐབས་ཕྱོགས་ཡོངས་ནས་མཚོན་པ་བྱས་པས་འཇིགས་སྐུལ་པ་ཟིལ་གྱི་གནོན་ཡོད།
         2004ལོའི་ཟླ་དྲུག་པར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་ཁུལ་འཇིགས་རྒོལ་སྒྲིག་གཞི་དངོས་སུ་ལག་ལེན་བསྟར་བ་ནས་བཟུང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་མཐའ་སྲུང་སྡེ་ཚན་གྱིས་རྒྱལ་སྤྱིའི་ཁྲིམས་བསྟར་མཉམ་ལས་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པ་དང་། འཇིགས་རྒོལ་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་པ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ས་ཁུལ་བདེ་འཇགས་བརྟན་ལྷིང་ལ་གཞོལ་བ། ཕྱོགས་གཉིས་དབར་ཐུག་འཕྲད་གྲོས་མོལ་དང་། ཆ་འཕྲིན་མཉམ་སྤྱོད། མཉམ་འབྲེལ་ཐོག་བྱ་སྤྱོད་སྤེལ་བ། འཇིགས་རྒོལ་ནང་སྦྱོང་སོགས་ཁྲིམས་བསྟར་སྤེལ་རེས་མཉམ་ལས་ལམ་སྲོལ་བཙུགས་པ་དེས་ཁོངས་མིའི་རྒྱལ་ཁབ་ཁག་གི་འཇིགས་རྒོལ་གྱི་འཐབ་རྩལ་ཆུ་ཚད་དང་ཁྲིམས་བསྟར་བདེ་འཇགས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། ས་ཁུལ་དེ་གའི“ངན་ཤུགས་གསུམ”ལ་རྡུང་རྡེག་ནན་པོ་བཏང་ཡོད།
         ཤིན་ཅང་གི་མཐའ་མཚམས་ལམ་ཐིག་རིང་ཚད་སྤྱི་ལེ་5700ལྷག་ཙམ་ཡོད་པ་དང་ཕྱིར་ཕྱོགས་པའི་འགག་སྒོ་15ཡོད་པས། མཐའ་མཚམས་ཀྱི་ཁོངས་གཏོགས་ཁུལ་དང་དེ་བཞིན་འགག་སྒོའི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཤིན་ཅང་དང་ཐ་ན་རྒྱལ་ཡོངས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ལ་གལ་འགངས་ཆེ་བའི་ནུས་པ་ཐོན་གྱི་ཡོད། ཀྲུང་ཁེར་རྒྱལ་ཁབ་གཉིས་ཀྱི་མཐའ་སྲུང་སྡེ་ཚན་གྱིས“མཐའ་སྲུང་མཉམ་འབྲེལ་ཆོད་སེམས་——2013”ཞེས་པའི་འཇིགས་རྒོལ་ནང་སྦྱོང་དང་། “མཛའ་གྲོགས་དཔུང་སྡེ་མཉམ་དུ་གཏོད། དུས་བདེ་ཞི་འཇགས་ཀྱི་མཐའ་མཚམས་མཉམ་དུ་སྐྲུན”ཞེས་པའི་བྱེད་སྒོ “ཤར་ཕྱོགས——2015”དང“མཐུན་སྒྲིལ——2016”སོགས་ཀྱི་མཉམ་འབྲེལ་ཁྲིམས་བསྟར་བྱ་སྤྱོད་སྤེལ་ནས་གཏུམ་སྤྱོད་འཇིགས་སྐུལ་ཉེས་གསོག་ལ་ཟིལ་གནོན་དང་ས་ཁུལ་ཞི་བདེ་སྲུང་སྐྱོང་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། གོང་གི་པར་རིས་ནི་ཟླ་6ཚེས་27ཉིན་ས་འོག་འབར་མདེལ་འགོག་པའི་ལྕགས་ཁྲབ་འཁོར་ལོས་འཕྲལ་རྒོལ་མདུན་སྐྱོད་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།