འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་བརྗོད་དོན་གཙོ་བོའི་
    མཚན་ཚོགས་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའཕྲིན། ཟླ་6ཚེས་26ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་དུག་འགོག་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་། རིག་གནས་ཐིང་། སློབ་གསོ་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་འགན་ཁུར་བའི་བོད་ཀྱི“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་བརྗོད་དོན་གཙོ་བོའི་མཚན་ཚོགས་《ཉི་འོད་འོག་གི་འཚོ་བ་སྐྱིད་ཤོས་ཡིན་》ཞེས་པ་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་འཚོགས་པ་རེད།
         མཚན་ཚོགས་ཐོག་གནས་ཚུལ་མཚོན་པའི་ཟློས་གར་དང་། ཞབས་བྲོ། འཁྲབ་ཚན་ཐུང་གྲས། རྐྱང(མཉམ)གཞས་སོགས་རྣམ་པ་སྣ་ཚོགས་བརྒྱུད་ལྟད་མོ་བར་དུག་རྫས་ཀྱི་ཉེན་ཁ་ཚབས་ཆེན་གསོན་ཉམས་དོད་པའི་སྒོ་ནས་མཚོན་པར་བྱས་ཡོད། དུས་མཚུངས་ཐད་མཐོང་དང་མི་སེམས་འགུལ་བའི་འཁྲབ་སྟོན་ལས་དུག་རྫས་ཀྱིས་སྤྱི་ཚོགས་ལ་གནོད་འཚེ་ཇི་འདྲ་བཟོ་མིན་སྟོན་པ་མ་ཟད་དུས་ཡུན་རིང་པོའི་ནང་དུག་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་པའི་སྤྱི་བདེ་མི་དམངས་ཉེན་རྟོག་གི་རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མཚོན་པར་བྱས་ཡོད།
         མཚན་ཚོགས་ཧྲིལ་པོ་ཆ་ཤས་བཞི་ལ་དབྱེ་བ་སྟེ། ལེའུ་དང་པོ་《ཚེ་སྲོག་ལ་གཅེས་སྤྲས་བྱེད་》ཅེས་པ་དང་། ལེའུ་གཉིས་པ་《བློ་དཀར་སེམས་དཀར་གྱི་སྲུང་དམག་》ཅེས་པ། ལེའུ་གསུམ་པ་《བག་ཆགས་བཟང་པོ་འཇོག་པ་》ཞེས་པ། ལེའུ་བཞི་པ་《ཉི་འོད་འོག་གི་འཚོ་བ་སྐྱིད་ཤོས་ཡིན་》ཞེས་པ་བཅས་རེད། བོད་ཀྱི་དུག་འགོག་གི་བརྗོད་དོན་གཙོ་བོའི་གླུ་གཞས་《ཉི་འོད་འོག་གི་འཚོ་བ་སྐྱིད་ཤོས་ཡིན་》ཞེས་པས་མཚན་ཚོགས་ཧྲིལ་པོའི་མཐོ་རླབས་འཕྱུར་བ་རེད།
         “ང་ཚོའི་རེ་བར་ད་ཐེངས་ཀྱི་མཚན་ཚོགས་བརྒྱུད་ལྟད་མོ་བས་དུག་རྫས་ཀྱི་གནོད་འཚེའི་རང་བཞིན་ངོས་འཛིན་གང་ལེགས་ཐུབ་པ་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་དུག་འགོག་འཐབ་རྩོད་ལ་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱེད་དགོས”ཞེས་འབྲེལ་ཡོད་འགན་ཁུར་བས་བཤད་པ་དང་བྱེད་ཐབས་དེ་རིགས་སྤྱད་དེ་བོད་ཀྱིས་དུག་འགོག་གི་བྱ་སྤྱོད་ནན་པོ་སྤེལ་བའི་ཆོད་སེམས་བརྟན་པོ་དང་ད་ཕན་ལོ་ཤས་རིང་གི་དུག་འགོག་ལས་ཀར་ཐོབ་པའི་གྲུབ་འབྲས་མཚོན་པར་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཚན་ཚོགས་ལྟ་མཁན་བོད་རང་སྐྱོང་ལྗོངས་དུག་འགོག་ཨུ་ཡོན་ལྷན་ཁང་གི་ལས་དོན་པ་ཡོངས་དང་དེ་བཞིན་འབྲེལ་གཏུག་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་ཆེ་མོ་བ། དུག་འགོག་དང་བླངས་པ། དཔུང་སྡེའི་དཔོན་དམག སྤྱི་བདེ་མི་དམངས་ཉེན་རྟོག་པ། གྲོང་མི་མང་ཚོགས། རོལ་རྩེད་ཁང་གི་ལས་གཉེར་མི་སྣ་སོགས་མི་1800ཙམ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།