འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་གྱི་སྤྱི་ཁྱབ་ཅན་ཁྲ་ཀྲང་གིས་ཙུང་ཐུང་ཐེ་མེར་གྱིས་ལྐོག་རྔན་བླངས་པར་དངོས་སུ་
    ཞུ་གཏུག་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་26ཉིན། པར་ཙིར་གྱི་སྤྱི་ཁྱབ་ཅན་ཁྲ་ཀྲང་ལུའོ་ཏེ་ལི་ཀེ·ཡ་ནུའོ་ཐེས་ཚེས་26ཉིན་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་ལ་ཙུང་ཐུང་ཐེ་མེར་གྱིས་ལྐོག་རྔན་བླངས་པར་དངོས་སུ་ཞུ་གཏུག་བརྒྱབ་པ་དང་འབྲེལ“ཉེས་བགྲང་བྱ་ཡུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཧ་ཅང་གིས་མ་རབས་ཡིན་པའི”ངོས་འཛིན་བྱས་པ་རེད། ཞུ་གཏུག་དེ་ཆེས་མཐོའི་ཁྲིམས་ཁང་གིས་འདྲི་ཞིབ་བྱེད་པར་དང་ཐོག་གྲོས་ཁང་འོག་མའི་གྲོས་ཚོགས་ཐོག་འདེམས་ཤོག་འཕངས་ཏེ་གྲོས་འཆམ་བྱེད་དགོས་ཀྱི་ཡོད་པ་རེད།
         ཐེ་མེར་ནི་པར་ཙིར་གྱི་ལོ་རྒྱུས་ཐོག་གི་ལས་འགན་ཁུར་རིང་རུལ་སུངས་ཀྱི་རྐྱེན་གྱིས་ཞུ་གཏུག་ཕོག་པའི་ཙུང་ཐུང་དང་པོ་དེ་ཡིན་པ་དང་ཐེ་མེར་དང་མཉམ་དུ་ཞུ་གཏུག་བྱས་པའི་གྲས་སུ་ད་དུང་ཁོང་གི་བློ་འདྲི་བ་ཟུར་པ་དང་གྲོས་ཁང་འོག་མའི་གྲོས་མི་ཟུར་པ་ལུའོ་ཏེ་ལི་ཀེ·ལུའོ་ཧྲ·ལུའོ་ལེ་སི་ཡོད་པ་རེད།
         ཡ་ནུའོ་ཡིས་ཞུ་གཏུག་རེ་ཞུ་ཕུལ་རྗེས་པར་ཙིར་གྱི་ཙུང་ཐུང་ལས་ཤག་གིས་གནས་སྐབས་གནས་ཚུལ་དེའི་ཐད་དཔྱད་གཏམ་སྤེལ་རྒྱུ་མིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།