འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཀྲུང་གོས་བཏོན་པའི"འཕེལ་རྒྱས་ལ་བརྟེན་
    ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བའི"གྲོས་ཆོད་ལ་བསྔགས་བརྗོད་
    དང་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཐོག་ཀྲུང་གོས་བཏོན་པའི“འཕེལ་རྒྱས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཚང་མ་ལོངས་སུ་སྤྱོད་རྒྱུར་ལེགས་སྐྱེས་འབུལ”ཞེས་པའི་གྲོས་ཆོད་ལ་གྲོས་འཆམ་བྱས་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གྲོས་ཆོད་དེར་བསྔགས་བརྗོད་དང་རྒྱབ་སྐྱོར་བྱས་ཡོད།
         འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གྲོས་ཆོད་དེའི་ཐོག་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འདུན་པ་མཚོན་པ་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་ཐེབས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ནང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་གྲོས་རིམ་བཀོད་སྒྲིག་བྱེད་དབང་མང་དུ་ཕྱིན་པ་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བློ་སྟོབས་འཕེལ་ཐུབ་པ་བྱུང་བའི་ཐོག་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ལ་ཁྲིད་སྟོན་ཡང་དག་ཐུབ་པ་བྱུང་བས་དེ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ལ་ཐོབ་པའི་རྒྱལ་ཁ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
        རི་ནེ་ཝར་རྒྱུན་སྡོད་ཝེ་ནེ་ཙུའེ་ལའི་འཐུས་མི་པཱ་ལའེ་ལུའོ་ཡིས་གྲོས་ཆོད་དེས་འཕེལ་རྒྱས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྣ་ཚོགས་ལོངས་སུ་སྤྱོད་རྒྱུར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཐུབ་པ་གཏན་འཁེལ་བྱས་པ་དང་། དེའི་ནང་དོན་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྒྲགས་གཏམ་》གྱི་འབྲེལ་ཡོད་རྩ་དོན་དང་མཐུན་ཡོད། ཝེ་ནེ་ཙའེ་ལ་ཡིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གྲོས་ཆོད་དེའི་འབོད་སྐུལ་ལ་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་བརྡ་ལན་ཞུས་ཏེ་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད་དེ་ཉིད་རྨང་གཞིར་བྱས་ནས་ཕྱོགས་ཡོངས་ནས་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ནུས་ཤུགས་གང་ཡོད་འདོན་འདོད་ཡོད་ཅེས་བཤད།
         པཱ་ལའེ་ལུའོ་ཡིས་ད་དུང་གནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་རྒྱལ་ཁབ་ཀྱི་ཚབ་ཞུས་ནས་གལ་ཏེ་འཕེལ་རྒྱས་ཀྱི་དབང་ཆ་མངོན་འགྱུར་མ་ཐུབ་ན། དེ་མིན་གྱི་མ་མཐའི་འགྲོ་བ་མིའི་ཐོབ་ཐང་གི་དབང་ཆ་ཞེས་པ་དེ་སྟོང་གཏམ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་དམ་བཅའ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་འཕེལ་རྒྱས་ཀྱི་དབང་ཆ་དེ་དེ་མིན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གཅིག་མཚུངས་གནས་བབ་གལ་ཆེན་ཐོག་མཐོར་འདེགས་བྱེད་དགོས་ཞེས་བསྐྱར་བསྒྲགས་བྱས་པ་རེད།
         རི་ནེ་ཝར་རྒྱུན་སྡོད་ཁུ་པའི་འཐུས་མི་ཧྥེ་ཏེ་ལུའོ་སུའོ་ཡིས་ཁུ་པས་ཀྲུང་གོའི་གྲོས་འགོ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གྲོས་ཆོད་དེ་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉིན་བཞིན་དང་ལེན་དང་མོས་མཐུན་བྱེད་པའི་ལྟ་བ་གཅིག་མཚོན་པ་དེ་ནི“འཕེལ་རྒྱས་ཀྱིས་མི་ཀུན་གྱིས་འགྲོ་བ་མིའི་ཐོབ་ཐང་ཚང་མ་ལོངས་སུ་སྤྱོད་རྒྱུར་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་པ་དེ་ཡིན”ལྟ་བ་དེ་ཁས་མ་བླངས་ན་འགྲོ་བ་མིའི་ཐོབ་ཐང་དངོས་འབྲེལ་མཐོར་འདེགས་དང་སྲུང་སྐྱོང་བྱ་རྒྱུའི་ཐད་ཀྱི་ཆབ་སྲིད་ཀྱི་འདུན་པ་མི་འདང་བ་དེ་མཐོང་ཐུབ་ཅེས་བཤད།
         རི་ནེ་ཝར་རྒྱུན་སྡོད་ཨེ་ཅེབ་ཀྱི་འཐུས་མི་ལཱ་མ་ཏན་གྱིས“རྒྱལ་ཁབ་ལ་ལས་རང་ཉིད་ཀྱི་ཆབ་སྲིད་ཁེ་དབང་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་ཐད་གདམ་ག་ཡོད་པའི་སྒོ་ནས་རྒྱབ་སྐྱོར་བྱེད་པ་མཐོང་སྐབས་ང་ཚོ་བློ་ཕམ་ཡོང་གི་འདུག འཕེལ་རྒྱས་དེ་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་པའི་ཐོག་ནས་ཁས་ལེན་མི་བྱེད་པ་དང་རྒྱབ་སྐྱོར་མི་བྱེད་པའི་ཁར་ཐ་ན་གནོན་ཤུགས་ཀྱང་སྤྲོད་ཀྱི་ཡོད། གནས་ཚུལ་དེ་རིགས་མུ་མཐུད་སྤེལ་དུ་འཇུག་མི་རུང”ཞེས་བཤད།
         ཚེས་22ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོས་བཏོན་པའི“འཕེལ་རྒྱས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཚང་མ་ལོངས་སུ་སྤྱོད་རྒྱུར་ལེགས་སྐྱེས་འབུལ”ཞེས་པའི་གྲོས་ཆོད་ལ་གྲོས་འཆམ་བྱས་ཤིང་། གྲོས་ཆོད་དེའི་ནང“འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུའི”འདུ་ཤེས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་མ་ལག་ནང་ཐོག་མར་བཅུག་པ་དང་གྲོས་ཆོད་ནང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་རྒྱུ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འདུན་པ་ཡིན་པ་ཁ་གསལ་བཏོན་པ་དང་འཕེལ་རྒྱས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཐུབ་པ་ཁས་ལེན་བྱས་པའི་ཐོག་རྒྱལ་ཁབ་ཁག་གིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། མི་དམངས་ཀྱི་ཁྲོད་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཚོལ་བ། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ལ་བརྟེན་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་འབོད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།