འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བའི་བྱེད་སྒོ་ཕུན་སུམ་ཚོགས་པོ་ཡོད་པ།

    འདི་ག་ཚགས་པར་གྱི་གསར་འགོད་པ། ལེན་ཅིན་ཐེན་དང་ཁྲེན་རེན་གྱིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་29ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་ཆེད། དམིགས་བསལ་ཁུལ་སྲིད་གཞུང་གིས་འདི་ལོ་ཤང་ཀང་དང་། ནང་ས། དེ་བཞིན་ཕྱི་རྒྱལ་བཅས་སུ་ཁྱོན་བྱེད་སྒོ་ཁག་300སྤེལ་རྒྱུ་ཡིན་ལུགས་སྔ་ས་ནས་ཡོངས་བསྒྲགས་བྱས་ཤིང་། དམངས་ཁྲོད་དུ་ཤང་ཀང་གི་ལས་རིགས་ཁག་གི་རྟེན་འབྲེལ་མཛད་སྒོ་ཨུ་ལྷན་གྱིས་ཤང་ཀང་དུ་བྱེད་སྒོ་ཁག་530ལྷག་ཙམ་སྤེལ་རྒྱུ་ཡོངས་བསྒྲགས་བྱས་པའི་ནང། ཚན་རྩལ་འགྲེམས་སྟོན་དང་། གཞོན་ནུའི་གླུ་གཞས་འགྲན་བསྡུར་ཆེ་མོ། དངོས་ཟོག་ཉོ་སྒྲུབ་དུས་ཆེན། རིག་གནས་འགྲེམས་སྟོན་སོགས་ཚུད་པ་དེ་དག་ལ་ཚོགས་པ་3000ལྷག་ཙམ་ཞུགས་རྒྱུ་རེད། དེའི་ནང་མཚོ་ཁུག་གི་ལས་རིགས་ཁག་གིས་བྱེད་སྒོ་ཆེ་ཆུང་96གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་ཡིན་པའི་ནང་ཚོགས་པ་200ལྷག་ཙམ་ཞུགས་རྒྱུ་དང་། སྔོན་དཔག་བྱས་ན་མི་ཐེངས་ཁྲི་40བྱེད་སྒོ་དེ་དག་ལ་ཞུགས་རྒྱུའི་ཡིད་དབང་འཕྲོག་པར་བྱ་རྒྱུ་རེད།
              ཟླ་6པའི་ཟླ་སྨད་དུ་སླེབས་སྐབས་རིམ་པ་བཞིན་སྤེལ་བའི་བྱེད་སྒོ་ཚགས་ཇེ་དམ་དུ་འགྲོ་བཞིན་མཆིས། ཚེས་26ཉིན་ཤང་ཀང་ཁེ་ཅ་བའི་སྤྱི་ཁྱབ་ལྷན་ཚོགས་ཀྱིས་ཤིན་ཅེ་ཏ་ཕུའུ་རུ་ཆུ་ཐོག་དང་སྐམ་སའི་ཐོག་དགའ་ནེའུ་དུས་ཆེན་གཟབ་ཅིང་རྒྱས་པ་སྤེལ་བའི་ནང་ཆུ་ཐོག་དང་སྐམ་སའི་རྩལ་འགྲན་འགྲན་བསྡུར་དང་། “ཁེ་ཅ་བའི”རྐང་འཁོར་འགྲན་བསྡུར། ཁེ་ཅ་བའི་ཞིམ་ཟས་དང་དེ་བཞིན་གླུ་གར་འཁྲབ་སྟོན་བཅས་ཚུད་ཡོད་པར་གྲོང་མི་ཆིག་ཁྲི་ཙམ་ཞུགས་ཡོད་པ་རེད།
            ཤང་ཀང་དབུས་ནུབ་ཆུས་ཀྱི་ལས་རིགས་ཁག་གིས“ཤང་ཀང་གཙང་པོར་གློག་སྒྲོན་ཁྲ་ལྷམ་མེར་འཕྲོ”ཞེས་པའི་སྲོལ་རྒྱུན་གྱི་ཚོན་ཁྲ་ཅན་གྱི་ལྒང་བཞུ་འགྲེམས་སྟོན་བྱས་པ་དང་། ཚེས་25ཉིན་གྱི་ས་སྲོས་མཚམས་སུ་ཀྲུང་ཧོན་བཙུན་མོའི་སྐུ་བརྙན་གྱི་ཐང་ཆེན་ཐོག་མཐོ་ཚད་ལ་སྨི་དགུ་དང་ཕྱེད་ཀ་དང་། ལྗིད་ཚད་ལ་སྤྱི་རྒྱ་500ཡོད་པའི་ཚོན་ཁྲ་ཅན་གྱི་ལྒང་བཞུ་ཆེ་གྲས་ཤིག་སྤར་ཞིང་། ས་ཆ་དེ་གར་ཡོད་པའི་གྲོང་མི་100ཡིས་མཉམ་དུ་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་ཚོན་ཁྲ་ཅན་གྱི་ལྒང་བཞུ་བཟོས་པ་དེས་གློག་སྒྲོན་མཛད་སྒོར་གཟི་བརྗིད་བསྣན་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཚོན་ཁྲ་ཅན་གྱི་ལྒང་བཞུ་དེ་ནི་མིག་སྔར་བཟོས་པའི་ཚོན་ཁྲ་ཅན་གྱི་ལྒང་བཞུ་ཆེ་ཤོས་དེ་ཡིན་པ་དང་ལྒང་བཞུ་དེ་ནི་འོས་འགན་བཟོ་པ་500ལྷག་ཙམ་གྱིས་དུས་ཡུན་ལོ་ཕྱེད་ཙམ་བཟོས་ནས་ལེགས་སྒྲུབ་བྱས་པ་ཞིག་རེད།
            དམངས་ཁྲོད་རྟེན་འབྲེལ་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ་དེ་སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ཞིང་། ཤང་ཀང་གི་ཀོང་ཏུང་གཞོན་ནུ་སྤྱི་ཁྱབ་ལྷན་ཚོགས་དང་ཀོང་ཏུང་ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས་24ཉིན“གཞོན་ནུའི་སེམས་མཐུན་སྒོར་མོ”ཞེས་པའི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་བྱས་པ་དང་། ཉིན་དེར“སྔོན་མའི་བསླབ་བྱ་མ་བརྗེད་ན། རྗེས་མའི་མེ་ལོང་ཞིག་ཏུ་འགྱུར”ཞེས་པའི་སློབ་གསོའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་དེ་ཤང་ཀང་ཅང་ཅུན་ཨའོ་རུ་འཚོགས་པའི་ནང་ལས་རིགས་ཁག་གི་མི་སྣ་200ལྷག་ཙམ་ཞུགས་པ་དང་། ཆེད་དོན་འཆད་ཁྲིད་ཕུད་ད་དུང་ཤང་ཀང་གི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་པར་རིས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་ཡང་འཚོགས་པ་རེད།
            དམིགས་བསལ་ཁུལ་སྲིད་གཞུང་གིས་སྤེལ་བའི་བྱེད་སྒོའི་ཐོག“བློ་སེམས་མཐུན་ནས་མདུན་ལམ་གཏོད·གོ་སྐབས་གསར་པར་སྟངས་འཛིན་བྱེད”ཅེས་པ་འབོད་ཚིག་ཏུ་བྱས་ནས“དམངས་ཡོངས་ཞུགས་རྒྱུར”སྐུལ་སློང་བྱེད་པ་དང་ནང་དོན་ཕུན་སུམ་ཚོགས་པའི་གྲས་སུ། སྒྱུ་རྩལ་འགྲེམས་སྟོན་དང་། བྱེ་ཐང་དུས་ཆེན། ལུས་རྩལ་འགྲན་བསྡུར་སོགས་ཚུད་ཡོད་པ་རེད། དམིགས་བསལ་ཁུལ་སྲིད་གཞུང་གིས་ད་དུང་ཁྱིམ་ཚང་ཁྲི་30ལྷག་ཙམ་ལ་བཀྲ་ཤིས་མཚོན་ཁུག་སྤྲད་པ་རེད། ཤང་ཀང་ཁང་ལེ་དང་རིག་གནས་ལས་དོན་ཧྲུའུ་ཡིས་ཟླ་7ཚེས་1ཉིན་རིན་ཡོད་ལུས་སྦྱོང་སྒྲིག་བཀོད་ཀྱི་རྣམ་གྲངས་མང་པོ་ཞིག་རིན་མེད་ངང་སྒོ་འབྱེད་རྒྱུ་ཡིན་པ་དཔེར་ན། བྱ་སྒྲོའི་སྤོ་ལོ་རྒྱག་ཐང་དང་། ཝང་ཆིའུ་སྤོ་ལོ་རྒྱག་ཐང་། ལན་ཆིའུ་སྤོ་ལོ་ཐང་། རི་འཛེག་གྱང་། མདའ་འཕེན་ཁང་སོགས་ཡོད་པ་དེ་དག་གྲོང་མིར་བེད་སྤྱོད་བྱ་རྒྱུར་མཁོ་འདོན་བྱ་རྒྱུ་རེད། དམིགས་བསལ་ཁུལ་སྲིད་གཞུང་གིས་ཁྱིམ་ཚང་ཁྲི་30ལྷག་ཙམ་ལ་བཀྲ་ཤིས་མཚོན་ཁུག་སྤྲད་པ་རེད། འོན་ཀྱང་ཤང་ཀང་ཡོངས་ཀྱི་ཆུས་ཁག་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་7ཚེས་1ཉིན་གྱི་སྔ་ནུབ་ཏུ་དངོས་ཟོག་ཉོ་སྒྲུབ་དུས་ཆེན་གཉེར་ནས་ཚོང་དུད་སྟོང་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཉོ་སྒྲུབ་དང་བཟའ་བཏུང་སོགས་ཀྱི་གཟིགས་སྐྱོང་བྱ་རྒྱུ་རེད།
            བྱ་སྤྱོད་སྔ་ཤོས་སྤེལ་མཁན་ནི་ཤང་ཀང་གི་ཡུལ་སྐོར་ལས་རིགས་ཡིན་པ་དང་། ཟླ་4ཚེས་1ཉིན་ནས་བཟུང་ལས་རིགས་ཁག་གིས་མཛེས་ལྗོངས་ས་ཚིགས་21དང་མཉམ་དུ་ཡུལ་སྐོར་བ་ཚོར་དམིགས་བསལ་གཟིགས་སྐྱོང་དང་ཞབས་ཞུ་ཁག་40ལྷག་ཙམ་མཁོ་འདོན་བྱས་པའི་ནང་། སྒོ་འཛིན་དང་། འགྲིམ་འགྲུལ། བཟའ་བཏུང་། དེ་བཞིན་དངོས་ཟོག་ཉོ་སྒྲུབ་བཅས་ཀྱི་འཛད་སྤྱོད་ཀྱི་རིན་གོང་གཅོག་པ་སོགས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།