འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཐི་རོམ་ཕུ་ཡི་སྲིད་གཞུང་གསར་པའི་ཡུལ་མི་གནས་
    སྤོའི་ཚོད་འཛིན་བཀའ་རྒྱ་ཆ་ཤས་ལྷུག་པོར་གློད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་27ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཐི་རོམ་ཕུ་ཡི་སྲིད་གཞུང་གསར་པའི་ཡུལ་མི་གནས་
སྤོའི་ཚོད་འཛིན་བཀའ་རྒྱ་ཆ་ཤས་ལྷུག་པོར་གློད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་26ཉིན་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཐི་རོམ་ཕུ་ཡི་སྲིད་གཞུང་གསར་པའི་ཡུལ་མི་གནས་སྤོའི་ཚོད་འཛིན་བཀའ་རྒྱ་ཆ་ཤས་ལྷུག་པོར་གློད་པ་མ་ཟད། ད་ལོའི་ཟླ་10པར་ཡུལ་མི་གནས་སྤོའི་ཚོད་འཛིན་བཀའ་རྒྱ་ཁྲིམས་དང་མཐུན་མིན་དངོས་སུ་ཞིབ་གཅོད་ཀྱང་བྱེད་རྒྱུ་ཡིན་ཚུལ་བསྟན། 
         ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་བཅའ་ཁྲིམས་ཀྱི་བསམ་འཆར་ཡི་གི་ཞིག་གི་ནང་དུ། ཐི་རོམ་ཕུ་ཡིས་སྲིད་གཞུང་གི་ཡུལ་མི་གནས་སྤོའི་ཚོད་འཛིན་བཀའ་རྒྱ་ཁྲིམས་དང་མཐུན་མིན་ཞིབ་དཔྱོད་བྱེད་རྒྱུའི་མོས་མཐུན་བྱས་པ་མ་ཟད། རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གིས་ཡུལ་མི་གནས་པོའི་ཚོད་འཛིན་བཀའ་རྒྱ་ཆ་ཤས་ལྷུག་པོར་གློད་རྒྱུའི་ཐག་བཅད་པར་མོས་མཐུན་ཡོད་ཚུལ་ཡང་བསྟན་ཡོད་པ་རེད། བཅའ་ཁྲིམས་ཀྱི་བསམ་འཆར་ཡི་གི་འདིར་གཞིགས་ཏེ། ཡུལ་མི་གནས་པོའི་ཚོད་འཛིན་བཀའ་རྒྱར“ཨ་རིའི་རྒྱལ་ཁོངས་ཀྱི་སྒེར་རམ་ཡང་ན་དངོས་གཉེར་དང་འབྲེལ་བ་ཡོད་པའི་ཕྱི་རྒྱལ་བ”ཨ་རིར་ཡོང་བ་དག་བཀག་འགོག་བྱས་མི་ཆོག  འོན་ཀྱང་ཨ་རིར་ཡོང་མྱོང་གཏན་ནས་མེད་ལ། ཨ་རིར་གཉེན་ཉེ་དང་། ལས་སྒོ། དེ་བཞིན་འབྲེལ་བ་གཞན་དག་མེད་མཁན་ཕྱི་རྒྱལ་བ་ཨ་རིར་ཡོང་རིགས་སྐབས་འཕྲལ་བཀག་འགོག་བྱས་ཆོག་ཚུལ་འཁོད་ཡོད། བཅའ་ཁྲིམས་ཀྱི་བསམ་འཆར་ཡི་གེ་དེས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་བསམ་འཆར་གོ་ཆོད་པ་མཚོན་པ་ཡིན་རུང་།  ཁྲིམས་དཔོན་ཆེན་པོ་ཁག་གི་མཚན་རྟགས་བཀོད་མེད་པ་རེད། 
          ཨ་རིའི་བརྙན་སྦྱོར་གྱིས་གནས་འཕྲིན་སྤེལ་བ་ལྟར་ན། ཉུང་མཐར་ཡང་ཁྲིམས་དཔོན་ཆེན་མོ་3གྱིས་དེར་ལྟ་ཚུལ་མི་འདྲ་བ་ཡོད་པ་དང་། ཡུལ་མི་གནས་སྤོའི་ཚོད་འཛིན་བཀའ་རྒྱ་རྦད་དེ་མཚམས་འཇོག་དགོས་པའི་འདོད་ཚུལ་འཛིན་པ་རེད། གནས་འཕྲིན་དུ་ཁྲིམས་དཔོན་ཆེན་མོ་ལའོ་ལུན་སི་•ཐུའོ་མ་སིའི་སྐད་ཆ་དྲངས་ཏེ། “ཁྲིམས་ཁང་གི་ཐག་གཅོད་འཆར་གཞི་བཀོལ་སྤྱོད་མི་ཐུབ་པའི་སེམས་ཁྲལ་འདུག  ད་ལྟའི་མཐུན་ཐབས་གྲོས་ཚོགས་འདི་སྲིད་འཛིན་སྡེ་ཁག་དཔོན་པོའི་འཁུར་པོར་གྱུར་ཡོད་དེ། ཁོང་ཚོས་འབྲེལ་ཡོད་རྒྱལ་ཁབ་6ནས་ཡོང་བའི་མི་ཨ་རིའི་རྒྱལ་ཁོངས་སུ་འབྲེལ་གཏུག་བྱེད་མིའམ་དངོས་གཉེར་ཕན་ནུས་ལྡན་མིན་ཅི་ནས་ཀྱང་གཏན་འཁེལ་བར་བྱེད་དགོས་པའི་དབང་གིས་ཡིན”ཟེར། 
         ཐི་རོམ་ཕུའུ་ཡིས་ད་ལོའི་ཟླ་དང་པོར་ཡུལ་མི་གནས་སྤོའི་བཀའ་རྒྱ་ཐོག་མར་མིང་འགོད་སྐབས། འཛམ་གླིང་ཡོངས་ཀྱི་ཡུལ་མི་དང་དབྱི་རན། སུའུ་ཏན། སི་རི་ཡ། རི་ཡ་ཏེ། སོ་མ་ལི། ཡེ་མེན། དབྱི་རག་བཅས་རྒྱལ་ཁབ་7གྱི་སྤྱི་དམངས་གནས་སྐབས་མངའ་ཁོངས་སུ་འཛུལ་དུ་མི་འཇུག་པའི་རེ་བ་བཏོན་ཡོད་རུང་། རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་ཁྲིམས་ཁང་གིས་བཀག་འགོག་བྱས་པ་རེད། ད་ལོའི་ཟླ་3པར། ཐི་རོམ་ཕུ་ཡིས་ཡུལ་མི་གནས་སྤོའི་བཀའ་རྒྱ་གསར་པར་མིང་རྟགས་བཀོད་དེ། དབྱི་རག་གི་ཡུལ་མི་ཚོད་འཛིན་མིང་ཐོ་ལས་བསུབས་པ་དང་། བཅའ་ཁྲིམས་ཁག་མང་དང་ལག་བསྟར་བྱེད་རིམ་དག་བཅོས་ཁ་གསབ་བྱས་ཡོད་ཀྱང་། སྔ་རྗེས་སུ་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་ཁྲིམས་ཁང་དང་སྐོར་ཞིབ་ཞུ་གཏུག་ཁྲིམས་ཁང་གིས་མཚམས་འཇོག་བྱས་པ་རེད། དེའི་རྗེས་སུ། ཐི་རོམ་ཕུ་སྲིད་གཞུང་གིས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ལ་སྔོན་ཆད་ཀྱི་ཁྲིམས་གཅོད་རྩིས་མེད་དུ་གཏོང་རེ་བཏོན་པ་དང་། ཡུལ་མི་གནས་སྤོའི་ཚོད་འཛིན་བཀའ་རྒྱ་བསྐྱར་དུ་གཏོང་འགོ་བརྩམས་པ་རེད། 
    ༄༅།།ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཐི་རོམ་ཕུ་ཡི་སྲིད་གཞུང་གསར་པའི་ཡུལ་མི་གནས་
སྤོའི་ཚོད་འཛིན་བཀའ་རྒྱ་ཆ་ཤས་ལྷུག་པོར་གློད་པ།
      

    ཕྱོགས་བསྡུས་གསར་འགྱུར།