འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལས་རིགས་གསར་པའི་ཞིང་འབྲོག་མང་ཚོགས་གསོ་སྐྱོང་གོ་རིམ་ཧྲིལ་པོ་བྱ་
    རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 16:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་གསལ། "ལོ་ལྔ་ཚན་བཅུ་གསུམ་པའི"སྐབས་སུ་བོད་ལྗོངས་ཀྱིས་མུ་མཐུད་ནས་ཞིང་འབྲོག་མང་ཚོགས་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རིག་གནས་ཡོད་པ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་བྱེད་ཤེས་པ། དོ་དམ་ལ་མཁས་པ་བཅས་ཀྱི་ལས་རིགས་གསར་པའི་ཞིང་འབྲོག་མང་ཚོགས་དཔུང་ཁག་ཅིག་འཛུགས་སྐྱོང་ཅི་མགྱོགས་བྱ་རྒྱུ་རེད། 2020ལོར་སླེབས་དུས་རྫོང་(ཆུས་)74ཡོངས་སུ་ཁེབས་པ་མངོན་འགྱུར་བྱ་རྒྱུ་དང་། ལས་རིགས་གསར་པའི་ཞིང་འབྲོག་མང་ཚོགས་ཁྲི་གཅིག་ཡན་གསོ་སྐྱོང་བྱ་རྒྱུ་མ་ཟད་ངོས་འཛིན་བྱ་རྒྱུའི་འཆར་གཞི་བཀོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། "ལོ་ལྔ་ཚན་བཅུ་གསུམ་པའི"རིང་ལ་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས"ཕྱོགས་གསུམ་གཞི་གཅིག་ཏུ་འགྱུར་བ"(སློབ་གསོ་གསོ་སྐྱོང་སྦྱོང་བརྡ་དང་། ངོས་འཛིན་དོ་དམ། སྲིད་ཇུས་ཀྱིས་རོགས་སྐྱོར་)དང་། རིགས་གསུམ་མཉམ་ལས་(ཐོན་སྐྱེད་གཉེར་སྐྱོང་རིགས་དང་། ཆེད་ལས་རྩལ་ནུས་རིགས ཆེད་ལས་ཞབས་ཞུའི་རིགས་) རིམ་གསུམ་མཐུད་པ་(དམའ་རིམ་དང་། འབྲིང་རིམ། མཐོ་རིམ་)"བཅས་ཀྱི་ལས་རིགས་གསར་པའི་ཞིང་འབྲོག་མང་ཚོགས་གསོ་སྐྱོང་ལམ་ལུགས་མ་ལག་གཙོ་གནད་དུ་བཟུང་སྟེ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་ཆེད་ལས་ཀྱི་དུད་ཆེན་དང་། ཁྱིམ་ཚང་གི་ཞིང་རའི་བདག་པོ།  ཞིང་འབྲོག་མང་ཚོགས་མཉམ་ལས་ཁང་གི་འགན་འཁུར་བ་སོགས་གསོ་སྐྱོང་བྱ་ཡུལ་གཙོ་བོ་བྱས་ཏེ་གོ་རིམ་ཧྲིལ་པོར་རྗེས་འདེད་ཀྱིས་གསོ་སྐྱོང་བྱས་ཐོག་ཐོན་སྐྱེད་བྱེད་མཁས་ཤིང་གཉེར་སྐྱོང་བྱེད་ཤེས་པའི་ལས་རིགས་གསར་པའི་ཞིང་འབྲོག་མང་ཚོགས་སྔར་ལས་མང་བ་གསོ་སྐྱོང་བྱ་རྒྱུ་རེད།
         དེ་དང་དུས་མཚུངས་སུ་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་ད་དུང་ཞིང་འབྲེལ་སློབ་ཆེན་སློབ་གླིང་དང་། ཚན་རིག་ཞིབ་འཇུག་གླིང་ཁང་། ཞིང་ལས་ལག་རྩལ་ཁྱབ་སྤེལ་ལས་ཁུངས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པའི་རྨང་གཞིའི་ཐོག ཞིང་འབྲོག་ལས་རིགས་ཁེ་ལས་དང་། ཞིང་འབྲོག་ལས་རིགས་གླིང་ཁུལ། ཞིང་འབྲོག་མང་ཚོགས་མཉམ་ལས་ཁང་སོགས་ཚོང་རའི་གྲུབ་ཆ་གཙོ་བོས་སྦྱོང་བརྡར་དངོས་བྱེད་རྟེན་གཞི་དང་ཞིང་འབྲོག་མང་ཚོགས་ཀྱི་ཞིང་ཁའི་སློབ་གྲྭ་འཛུགས་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱས་ཏེ་སྤྱི་ཕན་རང་བཞིན་གྱི་ཞིང་འབྲེལ་གསོ་སྐྱོང་སྦྱོང་བརྡར་ལས་ཁུངས་ཀྱིས་གཙོ་བོར་བྱེད་པ་དང་། ཐོན་ཁུངས་དང་ཚོང་རའི་གྲུབ་ཆ་གཙོ་བོ་སྣ་མང་མཉམ་དུ་ཞུགས་པའི"གཙོ་གཅིག་སྣ་མང"གི་ལས་རིགས་གསར་པའི་ཞིང་འབྲོག་མང་ཚོགས་སློབ་གསོ་གསོ་སྐྱོང་སྦྱོང་བརྡར་མ་ལག་རིམ་བཞིན་འཛུགས་སྐྱོང་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།