འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲའོ་ལིན་དགོན་པའི་མུའུ་བརྒྱ་ཡི་ཞིང་ཁའི་ལོ་ཏོག་བསྡུ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧྲའོ་ལིན་དགོན་པའི་མུའུ་བརྒྱ་ཡི་ཞིང་ཁའི་ལོ་ཏོག་བསྡུ་བ།
           མི་དམངས་དྲ་བའི་འཕྲིན། དབྱར་ཟླ་དྲུག་པའི་ཟླ་དཀྱིལ་དུ་སླེབས་པ་དང་བསྟུན་ནས། ཧྲའོ་ལིན་དགོན་པའི་ས་ཞིང་མུའུ་བརྒྱ་ལྷག་ཙམ་གྱི་ལོ་ཏོག་བསྡུ་བའི་དུས་སུ་བབས་པ་རེད། ཟླ་6ཚེས་15ཉིན། ཧྲའོ་ལིན་དགོན་པའི་ཞིང་རར་ཧ་ཅང་བྲེལ་ཟིང་ཆེ་ལ། དགེ་འདུན་བརྒྱ་ཕྲག་ལྷག་ཙམ་གྱིས་ཟོར་བ་བསྣམས་ནས་ལོ་ཏོག་རྔ་བ་དང་། དེ་ནས་གཡུལ་ལས་བྱས་རྗེས་འབྲུ་རིགས་རྩྭ་རས་ནང་ལུག་པ་དང་འདྲུད་འཐེན་འཁོར་ལོར་དབོར་རྗེས། དེ་ནས་དགོན་པའི་འབྲུ་མཛོད་དུ་བསྡུ་བ་རེད།
            ཤེས་རྟོགས་བྱུང་གསལ་དུ། ཧྲའོ་ལིན་དགོན་གྱི་གྲྭ་པ་ཚོས་སྔར་ནས་རང་ཁ་རང་གསོ་བྱེད་ཀྱི་ཡོད་ལ། གནས་ཚུལ་འདི་ལ་དགེ་འདུན་ཁོང་ཚོའི་ལྟ་ཚུལ་དུ་ཞིང་ལས་གཉེར་བ་ཡང་སྒྲིབ་སྦྱོང་ཞིག་ཏུ་འདོད་ཀྱི་ཡོད་པ་རེད། ཞིང་ལས་དང་སྒོམ་སྒྲུབ་ཟུང་འབྲེལ་བྱེད་པ་ནི་ཧྲའོ་ལིན་དགོན་པའི་སྲོལ་རྒྱུན་ཞིག་ཡིན་ལ། དགེ་འདུན་ཚོས་ཀྱང"ཉིན་གཅིག་མ་ལས་ན། ཉིན་དེར་ཟས་མེད་པ"རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།ཧྲའོ་ལིན་དགོན་པའི་མུའུ་བརྒྱ་ཡི་ཞིང་ཁའི་ལོ་ཏོག་བསྡུ་བ།
      

    ཕྱོགས་བསྡུས་གསར་འགྱུར།