འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཏུང་གིས"དྲ་སྦྲེལ་དང་སློབ་སྐྱོར་ཟུང་འབྲེལ"གྱི་བོད་སྐྱོར་བྱེད་སྟངས་གསར་པ་གཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ནག་པང་ཐོག་གི་གློག་རྡུལ་བརྙན་ཤེལ་བརྒྱུད་ནས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་མ་དང་ཀོང་ཏུང་ཀྲུང་ཧྲན་གྲོང་ཁྱེར་གྱི་དགེ་སློབ་ཀྱིས་མཉམ་དུ་སློབ་ཚན་འཚོགས་པ་རེད། ཚེས་13ཉིན། ཡུལ་གཉིས་ཀྱིས་ཐོག་མར“དྲ་སྦྲེལ་དང་སློབ་སྐྱོར་ཟུང་འབྲེལ”གྱི་ཡུལ་གཉིས་དང་སློབ་གྲྭ་བཞིའི་དྲ་རྒྱའི་དཔེ་སྟོན་སློབ་ཚན་ཁྲིད་ཅིང་། དེ་ནི་ཀོང་ཏུང་གིས་ཀྲུང་ཧྲན་གྲོང་ཁྱེར་དེ་ཉིད་ཚོད་ལྟ་བྱ་ཡུལ་དང་སློབ་གསོའི་ཆ་འཕྲིན་ཅན་དུ་འགྱུར་བར་བརྟེན་ནས“དྲ་སྦྲེལ་དང་སློབ་སྐྱོར་ཟུང་འབྲེལ”ལ་སྐུལ་འདེད་གཏོང་བའི་བོད་སྐྱོར་བྱེད་སྟངས་གསར་པ་ཞིག་རེད།
         ཉིང་ཁྲི་ནི་ཀོང་ཏུང་གི་ཁ་གཏད་བོད་སྐྱོར་བྱ་ཡུལ་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཚེས་13ཉིན། ཀྲུང་ཧྲན་གྲོང་ཁྱེར་གྱི་དྲན་གསོ་སློབ་འབྲིང་གི་དགེ་རྒན་རྣམས་ཀྱིས་ཆ་འཕྲིན་ཅན་གྱི་ལག་རྩལ་སྤྱད་ནས་མཉམ་འགུལ་ཕབ་ལེན་དང་གཏོང་སྤེལ་མ་ལག་བརྒྱུད་ཉིང་ཁྲི་སློབ་འབྲིང་དང་པོའི་དགེ་སློབ་དང་མཉམ་དུ་སྐད་ཡིག་སློབ་ཚན་རྩེ་གྲ་ཞིག་ཉན་པ་དང་། དབྱང་ཤན་དབྱི་སློབ་འབྲིང་གི་ཨང་རྩིས་དགེ་རྒན་གྱིས་ཉིང་ཁྲི་སློབ་འབྲིང་དང་པོའི་དགེ་སློབ་ཚོར་ཨང་རྩིས་སློབ་ཚན་ཞིག་ཀྱང་ཁྲིད་པ་རེད། སློབ་ཚན་གྲོལ་རྗེས་ཡུལ་གཉིས་ཀྱི་དགེ་རྒན་དང་སློབ་དཔྱོད་པས་ཁྲིད་མ་ཐག་པའི་སློབ་ཚན་གྱི་སྐོར་ལ་དྲ་ཐོག་མཉམ་འགུལ་དཔྱད་གླེང་སོགས་རྒྱང་ཁྲིད་ཀྱི་སློབ་ཚན་སྐོར་སྤེལ་རེས་ཀྱང་བྱས་པ་རེད།
         2017ལོའི་ཟླ་5པར། ཀོང་ཏུང་ཞིང་ཆེན་སློབ་གསོ་ཐིང་གིས་《ཀོང་ཏུང་ཞིང་ཆེན་གྱི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་》བཏོན་པའི་ནང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བར་བརྟེན་ནས་སློབ་གསོ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཁ་གསལ་བསྟན་ཡོད། ཀྲུང་ཧྲན་གྲོང་ཁྱེར་གྱིས་ཞིང་ཆེན་དེ་ཡོངས་སུ་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཚང་མར་འོད་འགྱེད་ཚི་སྐུད་ཁྲིད་པ་དང་། ཁ་གཏད་བོད་སྐྱོར་གྱི་ལས་ཀའི་ནང་གྲོང་ཁྱེར་དེས“གྲགས་ཅན་དགེ་རྒན་གྱི་བོད་སྐྱོད་བྱ་སྤྱོད”དང“ཡུལ་གཉིས་ཀྱི་སློབ་གྲྭ་ཆ་སྒྲིག”གི་བྱེད་སྒོ་སྤེལ་བ་མ་ཟད། ཡུལ་གཉིས་ཀྱི་དགེ་རྒན་སྤེལ་རེས་གསོ་སྦྱོང་དང་ལས་གནས་ཀྱི་སྦྱོང་བརྡར་དང་དེ་བཞིན་དགེ་རྒན་སློབ་སྐྱོར་སོགས་ཀྱི་ལས་དོན་ཡང་སྤེལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།