འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྩྭ་ཐང་ཐོག་གི་དགོད་སྒྲ་ལྷང་ལྷང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         ལོ་3ལ་སླེབས་པའི་སྒྲོལ་མ་མཚོ་སྤོ་བོ་ལགས་ཀྱི་པང་ཁར་བསྡད་ཡོད་པ་དང་རྟ་བཞོན་པའི་ལུས་རྩལ་པ་བུ་མོ་དེའི་ཟུར་ནས་སྐྱོད་སྐབས་བུ་མོ་དེས་བོད་རིགས་ཀྱིས་རྒྱན་ཆས་སྤྲས་པའི་རྟ་པ་ཚོར་ལྟ་བཞིན་མཛུབ་མོ་རྟ་ལ་བཙུགས་ནས་སྤོ་བོ་ལགས་ལ་རྟ་ཐོག་ཏུ་བཞོན་འདོད་ལུགས་བཤད། ཚེས་14ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་འབྲོང་ལུང་ཤང་གི་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་འབྲོང་ལུང་ཤང་དར་ལིང་གྲོང་ཚོར་བྱས། སྒྲོལ་མ་མཚོའི་ཁྱིམ་ཡང་དེ་གར་ཡོད། ཉིན་དེར་བུ་མོའི་པཱ་ལགས་རྟ་རྒྱུག་འགྲན་བསྡུར་དང་མདའ་འཕེན་འགྲན་བསྡུར་ནང་ཞུགས་ཡོད།
         མདའ་འཕེན་ཡུལ་དུ་མི་ཚོགས་ཀྱིས་ཁེངས་པ་དང་མདའ་མོ་གཞུ་དང་བྲལ་ནས་འབེན་མིག་ཐོག་ཕོག་རྗེས་མི་ཚོགས་ཁྲོད་ཀྱི་སྒྲ་དང་བཅས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཞབས་བྲོ་འཁྲབ་འགོ་ཚུགས།
         ཟླ་6པར། “ཀྲུང་གོའི་རྩྭ་ཐང་མཛེས་ཤོས་ཆེ་གྲས་དྲུག”གི་གྲས་ཤིག་ཡིན་པའི་མདོ་ལ་རྩྭ་ཐང་སྔོ་ཐིང་ངེར་གནས་པ་དང་། རྩྭ་ཐང་ཐོག་ནོར་ལུག་སྐར་ཚོགས་ལྟར་བཀྲ་བ། མི་རིང་བའི་བར་འབྲོག་པའི་སྦྲ་གུར་ཁྲ་ཆིལ་ལེར་གནས་ཁར་ཐག་རིང་གི་རི་བོ་ཁ་བའི་གོས་དཀར་གྱིས་རབ་ཏུ་རྒྱན།
         མདོ་ལ་རྫོང་རིག་གནས་ལུས་རྩལ་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཀྲོའུ་ཡན་གྱིས་ད་རེས་ཀྱི་བྱེད་སྒོ་དེ་རྫོང་དེའི་རྩྭ་ཐང་གི་ཡུལ་སྲོལ་དུས་ཆེན་གྱི་ཡན་ལག་འགྲན་རའི་གྲས་ཤིག་རེད། ཉིན་དེར་ལུས་རྩལ་འགྲན་བསྡུར་ལ་ཞུགས་མཁན་ཁྲོད་འབྲོང་ལུང་ཤང་དར་ལིང་གྲོང་ཚོ་དང་། མགོ་མང་གྲོང་ཚོ། སྤེན་མ་གྲོང་ཚོ་བཅས་ཀྱི་གྲོང་མི་500ལྷག་ཙམ་ཡོད་པ་དང་འགྲན་བསྡུར་རྣམ་གྲངས་ཁྲོད་མདའ་འཕེན་དང་། རྟ་རྒྱུག་འགྲན་བསྡུར། དབྱུག་བཟུང་ལུས་རྩལ། ཐག་འཐེན་སོགས་ཡོད། ཁོང་ཚོས་བྱེད་ཐབས་དེ་དག་ལས་ས་གནས་དེ་གའི་ལུས་རྩལ་དང་ཡུལ་སྐོར་ལས་རིགས་མཉམ་འདྲེས་འཕེལ་རྒྱས་བཏང་ནས་བྱེད་སྒོ་དེ་ཉིད་རྩྭ་ཐང་ཐོག་གི་འབྲོག་པའི་སྤྲོ་སྣང་ཆེ་ཤོས་ཤིག་ཏུ་གྱུར་རེ་བྱེད་ཀྱི་ཡོད།
         ལོ་47ལ་སླེབས་པའི་བསོད་ནམས་རྒྱ་མཚོ་མདོ་ལ་རྫོང་རྫ་དམར་ཤང་ནས་ཡོང་བ་དང་མདོ་ལའི་མདའ་འཕེན་མཐུན་ཚོགས་ཀྱི་ཚོགས་གཙོ་རེད། ཁོང་གིས་ང་ཚོའི་མདའ་འཕེན་རུ་ཁག་ནང་བོད་རིགས་དང་། སོག་རིགས། ཧོར་རིགས། ཧུད་རིགས། ས་ལར་རིགས་སོགས་ཀྱི་རུ་མི་412ཡོད། རྒྱུན་དུ་འགྲན་བསྡུར་ལ་ཞུགས་མཁན་200ཙམ་ཡོད། ད་ཆ་ང་ཚོས་ཀྱང་རུ་མི་རྩེ་གྲ་མངགས་ནས་འགྲན་བསྡུར་ལ་ཞུགས་ཏེ་མདའ་རྩལ་ངོམས་ཀྱི་ཡོད་ཅེས་བརྗོད།
         ལོ་37ལ་སླེབས་པའི་བདེ་མཆོག་འབྲོང་ལུང་ཤང་དར་ལིང་གྲོང་ཚོ་ནས་ཡོང་བ་དང་ལོ་10ནས་བཟུང་རྟ་རྒྱུག་འགྲན་བསྡུར་ནང་ཞུགས་པ་རེད། ཉིན་དེར་ཁོང་གིས་རང་ཉིད་ཀྱིས་དགའ་ཤོས་བྱེད་པའི་རྟ་འཁྲིད་དེ་འགྲན་བསྡུར་ནང་ཞུགས་ཡོད།
         བདེ་མཆོག་གིས་རྒྱུན་དུ་འབྲོག་པ་ཚོ་རང་ཁྱིམ་གྱི་དགུན་དུས་འབྲོག་ར་དང་དབྱར་དུས་འབྲོག་རའི་དབར་རྩྭ་ཆུ་བཟང་སར་སྐྱས་སྤོས་འཚོ་བ་སྐྱེལ་གྱི་ཡོད། ང་ཚོས་ལུས་རྩལ་འགྲན་བསྡུར་བརྒྱུད་ཡུལ་མི་ཚོ་མཉམ་འཛོམས་ཀྱིས་བརྩེ་བ་ཟབ་ཏུ་གཏོང་གི་ཡོད། རྟ་རྒྱུག་འགྲན་བསྡུར་ལས་ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་སྐྱས་སྤོས་འབྲོག་པའི་རིག་གནས་མངོན་ཐུབ་པས་དེ་ལས་ང་ཚོར་གཟི་བརྗིད་ཚོར་ཐུབ་ཅེས་བརྗོད།
         བྱེད་སྒོ་སྤེལ་ཡུལ་དུ་ལུས་རྩལ་རྣམ་གྲངས་ཕུད་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་གླུ་ལེན་གར་འཁྲབ་བྱེད་པ་དང་ལུག་ཤ་བསྲེགས་པ་སོགས་ས་གནས་ས་ཐོག་གི་བྱེད་སྒོ་ལས་དེ་གར་དུས་ཆེན་རྣམ་པ་ཧ་ཅང་ཟབ།
         འབྲོང་ལུང་ཤང་གི་ཤང་ཀྲང་པའོ་ཤོན་ཆིང་གིས“སྦྲ་གུར་ནི་སྐོར་སྐྱོད་ཀྱི་འབྲོག་ར་ཡིན་པ་དང་རྩྭ་ཐང་ནི་འབྲོག་པའི་བརྩེ་དུང་ཟབ་ཤོས་ཀྱི་ཁྱིམ་ཚང་ཡིན་པས་མི་རིགས་དང་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ལས་འབྲོག་པ་ཚོས་ལུས་རྩལ་དང་དགའ་སྤྲོའི་རྣམ་པ་མྱོང་རོལ་ཐུབ་རྒྱུའི་རེ་བ་ཡོད”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།