འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཅང་སུའུ་ཧྥེང་རྫོང་གི"6•15"འབར་གས་དོན་རྐྱེན་ཁྲོད་མི་8གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཅང་སུའུ་ཧྥེང་རྫོང་གི'6•15'འབར་གས་དོན་རྐྱེན་ཁྲོད་མི་8གྲོངས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་15ཉིན་གྱི་ཆུ་ཚོད་16དང་སྐར་མ་48སྐབས། ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་ཧྥེང་རྫོང་གི་གསར་གཏོད་བུ་བཅོལ་ཁང་གི་སྒོ་ཆེན་ཕྱི་རོལ་གྱི་ཤར་ངོས་སུ་འབར་གས་དོན་རྐྱེན་ཞིག་བྱུང་ཞིང་། ཉིན་དེའི་ཆུ་ཚོད་23:00བར་དུ། འབར་གས་ཀྱི་ཁྲོད་དུ་མི་8གྲོངས་པ་དང་། མི་65ལ་རྨས་ཕོག་པ། དེའི་ནང་མི་8ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། སྤྱི་བདེ་སྡེ་ཁག་གིས་དཔྱད་འབྲས་རགས་པར་གཞིགས་ཏེ་དོན་རྐྱེན་འདི་ཉིད་ཉེས་དོན་གྱོད་གཞི་ཞིག་ཡིན་པ་གཏན་འཁེལ་བྱས་པ་རེད།
           དོན་རྐྱེན་བྱུང་རྗེས། ཞིང་ཆེན་དང་གྲོང་ཁྱེར། རྫོང་གིས་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ཏེ་ནུས་ཤུགས་ཡོད་རྒུ་བཏོན་ནས་མྱུར་སྐྱོབ་སྒྲིག་འཛུགས་བྱས་པ་རེད། ད་ལྟ་བར་དུ། རྨས་སྐྱོན་བྱུང་མི་ཚང་མ་ཧྥེང་རྫོང་མི་དམངས་སྨན་ཁང་དང་། ཀྲུང་ལུགས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་སྲོག་སྐྱོབ་བྱེད་བཞིན་ཡོད་ལ། རྨས་མ་ཚབས་ཆེན་ཚོ་ནི་ཞུས་ཀྲོའུ་གྲོང་ཁྱེར་གྱི་འབྲེལ་ཡོད་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་ཀྱི་ཡོད་པ་རེད། 
          ཞིང་ཆེན་དང་གྲོང་ཁྱེར་གྱིས་ཆེད་མཁས་པ་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་མངགས་པ་དང་། ཤི་རྨས་ཀྱི་མི་སྣ་དང་ནང་མིའི་བདེ་འཁོད་ལས་དོན་དུས་མཉམ་ངང་སྤེལ་བ་རེད།
          ཅང་སུའུ་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་འཕྲལ་མར་ཧྥེང་རྫོང་དུ་བསྐྱོད་དེ་ལས་དོན་བཀོད་སྒྲིག་ལ་སློབ་སྟོན་གནང་བ་དང་། ཞུས་ཀྲོའུ་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཡུལ་དངོས་སུ་བསྐྱོད་དེ་བཀོད་འདོམས་སྒྲིག་འཛུགས་བྱས་པ་རེད།
          བདེན་མིན་ཞིབ་བསྡུར་བྱས་པ་བརྒྱུད། འབར་གས་བྱུང་དུས་གསར་གཏོད་བུ་བཅོལ་ཁང་ད་དུང་གྲོལ་མེད་པས། བུ་བཅོལ་ཁང་གི་དགེ་རྒན་དང་སློབ་མ་ཚོར་གནོད་སྐྱོན་བྱུང་མེད་པ་རེད། 
          སྤྱི་བདེ་སྡེ་ཁག་གིས་ཡུལ་དངོས་སུ་བརྟག་ཞིབ་དང་། འདྲི་ཞིབ། འབྲེལ་ཡོད་རྒྱུ་ཆ་གདམ་ལེན་བྱས་པ་བརྒྱུད། དོན་རྐྱེན་གྱི་ཐོག་མའི་དཔྱད་འབྲས་ལ་གཞིགས་ཏེ་འདི་ནི་ཉེས་དོན་གྱོད་གཞི་ཞིག་ཡིན་པ་གཏན་འཁེལ་བྱས་པ་དང་། དོགས་ཡོད་ཉེས་ཅན་ཡང་གཏན་འཁེལ་བྱུང་ཡོད་པ་རེད། སྤྱི་བདེ་སྡེ་ཁག་གིས་སྟོབས་ཤུགས་ཧྲག་བསྡུས་བྱས་ཏེ་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།
          ཅང་སུའུ་ཞིང་ཆེན་དང་ཞུས་ཀྲོའུ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་དང་བཀོད་སྒྲིག་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། འགན་ཁུར་བ་དང་ཡོངས་བསྒྲགས་ཀུན་གསལ་གྱི་རྩ་དོན་ལ་གཞིགས་ནས་རྒྱ་ཆེའི་མང་ཚོགས་དང་སྨྱན་སྦྱོར་ལ་དུས་ཐོག་ཏུ་གནས་ཚུལ་འཕེལ་རིམ་བསྒྲགས་རྒྱུ་ཡིན་པ་རེད།
    ༄༅།།ཅང་སུའུ་ཧྥེང་རྫོང་གི'6•15'འབར་གས་དོན་རྐྱེན་ཁྲོད་མི་8གྲོངས་པ།
      

    ཕྱོགས་བསྡུས་གསར་འགྱུར།