འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གིས་ལོ་ཧྲིལ་པོར་《རྒྱལ་མཚམས་ཀྱི་བགྲོད་བསྐྱོད་
    འཛིན་ཡིག་》སྒྲུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 16:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་ལྗོངས་མཐའ་སྲུང་སྤྱི་ཁྱབ་རུ་ཁག"སྤང་རྒྱན་མེ་ཏོག"བུད་མེད་འཐུས་མཆན་འགོད་ཁང་ནས་ཤེས་རྟོགས་བྱུང་གསལ་དུ། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཤར་བ་དང་བསྟུན་ནས། 《རྒྱལ་མཚམས་ཀྱི་བགྲོད་བསྐྱོད་འཛིན་ཡིག་》སྒྲུབ་མཁན་གྱི་གྲོང་མི་དང་ཡུལ་སྐོར་བ་ཡང་མང་དུ་འགྲོ་བཞིན་ཡོད་པས། འཐུས་མཆན་འགོད་ཁང་གིས་ལོ་ཧྲིལ་པོའི་ཉིན་365ལ་《རྒྱལ་མཚམས་ཀྱི་བགྲོད་བསྐྱོད་འཛིན་ཡིག་》སྒྲུབ་པའི་ཞབས་ཞུ་བྱ་རྒྱུ་ཡིན་པ་རེད།
         མིག་སྔར། བོད་ལྗོངས་ཀྱི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཤར་ཡོད་པས། གཞིས་ཀ་རྩེ་གྲོང་ཁྱེར་འགྲམ་གྲོང་རྡལ་དུ་གེགས་རྗེས་བསྐྱར་སྐྲུན་བྱས་ནས་བགྲོད་མི་ཆོག་པ་མ་གཏོགས། ས་ཆ་གཞན་དག་གི་ཡུལ་སྐོར་ལྗོངས་ཁུལ་ནམ་རྒྱུན་བཞིན་སྒོ་འབྱེད་ཀྱི་ཡོད་པ་རེད། གྲོང་མིས་《རྒྱལ་མཚམས་ཀྱི་བགྲོད་བསྐྱོད་འཛིན་ཡིག་》བསྒྲུབ་དགོས་ན། ཁ་པར་ཨང་གྲངས་0891-6405628འདི་བཏང་ནས་འདྲི་རྩད་བྱས་ཆོག་པ་རེད། "སྤང་རྒྱན་མེ་ཏོག"བུད་མེད་འཐུས་མཆན་འགོད་ཁང་གི་རྒྱུན་ལྡན་ལས་སྒྲུབ་དུས་ཚོད་ནི་སྔ་དྲོར་ཆུ་ཚོད་9:00ནས་12:20བར་དང་། ཕྱི་དྲོར་ཆུ་ཚོད་15:30ནས་18:20བར་ཡིན་ལ། དུས་ཆེན་དང་གུང་གསེང་སྐབས་ཀྱི་ལས་སྒྲུབ་དུས་ཚོད་ནི་སྔ་དྲོར་ཆུ་ཚོད་10:00ནས་ཆུ་ཚོད་12:00བར་དང་། ཕྱི་དྲོར་ཆུ་ཚོད་15:30ནས་ཆུ་ཚོད་17:00བར་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གལ་སྲིད་དམིགས་བསལ་གྱི་གནས་ཚུལ་མེད་ན། 《རྒྱལ་མཚམས་ཀྱི་བགྲོད་བསྐྱོད་འཛིན་ཡིག་》རེ་སྒྲུབ་པར་སྐར་མ་3ལས་འགོར་གྱི་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།