འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁོ་རེ་ཡའི་ཙུང་ཐུང་གིས་ཁོ་རེ་ཡ་བྱང་མས་གལ་ཏེ་ཉིང་རྡུལ་འཕུར་མདེལ་གསར་སྤེལ་བྱེད་
    མཚམས་བཞག་ན་ཁོ་རེ་ཡ་ལྷོ་མས་ཆ་རྐྱེན་མེད་པའི་ངང་ཁ་བརྡ་
    བྱེད་ངེས་ཡིན་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷོ་ཁོ་རེ་ཡའི་ཙུང་ཐུང་གིས་ཁོ་རེ་ཡ་བྱང་མས་གལ་ཏེ་ཉིང་རྡུལ་འཕུར་མདེལ་གསར་སྤེལ་བྱེད་
མཚམས་བཞག་ན་ཁོ་རེ་ཡ་ལྷོ་མས་ཆ་རྐྱེན་མེད་པའི་ངང་ཁ་བརྡ་
བྱེད་ངེས་ཡིན་ཞེས་བསྟན་པ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་15ཉིན། ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་ཡཱན་གྱིས་གལ་སྲིད་བྱང་ཁོ་རེ་ཡས་ཉིང་རྡུལ་འཕུར་མདེལ་གསར་སྤེལ་མ་བྱས་ན། ལྷོ་ཁོ་རེ་ཡ་ཕྱོགས་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཁ་བརྡ་བྱེད་འདོད་ཡོད་ཅེས་བསྟན་པ་རེད།
           ཉིན་དེའི་ཕྱི་དྲོར། ཝུན་ཙའེ་ཡཱན་གྱིས་རྒྱལ་ས་སེ་འོལ་གྲོང་ཁྱེར་དུ་《ལྷོ་བྱང་ཐུན་མོང་བསྒྲགས་གཏམ་》ཞེས་པ་སྤེལ་ནས་ལོ་ངོ་17འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་སྐབས་གོང་གསལ་བཤད་ཚུལ་དེ་ཉིད་བརྗོད་པ་རེད།
          དུས་མཚུངས་སུ། ཝུན་ཙའེ་ཡཱན་གྱིས་ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་འབད་པ་ལྷོད་མེད་ཀྱིས་ཕྱོགས་དྲུག་གྲོས་མོལ་གྱི"9•19ཐུན་མོང་གསལ་བསྒྲགས"དང"2•13ཆིངས་ཡིག"གཉིས་ལག་ལེན་བསྟར་རྒྱུར་སྐུལ་འདེད་བྱས་ཏེ་ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན་ཞེས་ཀྱང་བསྟན་པ་རེད།
          ཝུན་ཙའེ་ཡཱན་གྱིས་བྱང་ཁོ་རེ་ཡ་ཕྱོགས་ནས་ལྷོ་ཁོ་རེ་ཡ་ཕྱོགས་ཀྱི་ཁ་བརྡའི་གྲོས་འགོ་བཏོན་པར་ལན་འདེབས་ཀྱི་རེ་སྐུལ་བྱས་པ་རེད། ཆ་རྐྱེན་གང་ཡང་མེད་པར་ཁ་བརྡ་བྱེད་པ་ཞེས་པ་གླེང་དུས། ཝུན་ཙའེ་ཡཱན་གྱིས་བྱང་ཁོ་རེ་ཡ་ཕྱོགས་དང་མཉམ་དུ་ད་ཡོད་ཀྱི་ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱི་ཆིངས་ཡིག་དོན་འཁྱོལ་བྱེད་ཐབས་འཚོལ་ཞིབ་བྱེད་འདོད་ཡོད་པ་དང་། བྱང་ཁོ་རེ་ཡས་རྩ་བ་ཉིད་ནས་ཉིང་རྡུལ་བཟོ་རྒྱུ་དོར་བ་དང་། གླིང་ཕྲན་ཕྱེད་མའི་ཞི་བདེའི་མ་ལག་འཛུགས་སྐྱོང་བྱེད་པ། བྱང་ཁོ་རེ་ཡ་དང་ཨ་རི་གཉིས་ཀྱི་འབྲེལ་བ་སླར་གསོ་བྱེད་པ་བཅས་ཀྱི་ནང་དོན་ལ། ཕྱོགས་གཉིས་ཀས་བགྲོ་གླེང་གྲོས་མོལ་བྱས་ཆོག་ཅེས་བསྟན་པ་རེད།
          ཝུན་ཙའེ་ཡཱན་གྱིས་ད་དུང་བྱང་ཁོ་རེ་ནས་ཉིང་རྡུལ་བཟོ་རྒྱུ་རྩ་བ་ནས་དོར་བ་ནི་ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱི་ཆིངས་ཡིག་དོན་འཁྱོལ་བྱེད་སེམས་མཚོན་པའི་བདེན་དཔང་ཡིན་ལ། གལ་སྲིད་བྱང་ཁོ་རེ་ཡ་ཕྱོགས་ཀྱིས་ལག་ལེན་དོན་འཁྱོལ་བྱས་ན། ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་རྒྱབ་སྐྱོར་ཧུར་ཐག་བྱེད་ངེས་ཡིན་ཞེས་ཀྱང་བསྟན་པ་རེད།
          2000ལོའི་ཟླ་6ཚེས་15ཉིན། སྐབས་དེ་དུས་ཀྱི་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཅིན་ཏཱ་ཀྲུང་དང་སྐུ་ཟླ་ལི་ཅི་ཧོ་རྣམ་གཉིས་ཕོང་དབྱང་དུ་འཚམས་འདྲི་གནང་བར་ཕེབས་ནས་སྐབས་དེ་དུས་ཀྱི་བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་རི་དང་མཇལ་འཛོམས་གནང་བ་མ་ཟད། 《ལྷོ་བྱང་ཐུན་མོང་བསྒྲགས་གཏམ་》ཞེས་པར་མིང་ཐོ་བཀོད་ནས་སྤེལ་བ་རེད། བསྒྲགས་གཏམ་ལས་ཁོ་རེ་ཡ་ལྷོ་བྱང་གཉིས་ཀའི་ཞི་འཇགས་མཉམ་ལས་ཀྱི་དུས་སྐབས་གསར་པ་ཞིག་བཏོད་པས། ལྷོ་བྱང་གཉིས་ཀྱི་འབྲེལ་བར་ཞི་ལྷོད་ཀྱི་རྣམ་པ་ཞིག་བྱུང་བ་རེད།
    ༄༅།།ལྷོ་ཁོ་རེ་ཡའི་ཙུང་ཐུང་གིས་ཁོ་རེ་ཡ་བྱང་མས་གལ་ཏེ་ཉིང་རྡུལ་འཕུར་མདེལ་གསར་སྤེལ་བྱེད་
མཚམས་བཞག་ན་ཁོ་རེ་ཡ་ལྷོ་མས་ཆ་རྐྱེན་མེད་པའི་ངང་ཁ་བརྡ་
བྱེད་ངེས་ཡིན་ཞེས་བསྟན་པ།
      

    ཕྱོགས་བསྡུས་གསར་འགྱུར།