འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་མཐོ་རྒྱུགས་ཀྱི་སློབ་ཚན་དང་པོའི་རྒྱུགས་མཇུག་བསྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་08ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    སློབ་མ་རྣམས་རྒྱུགས་ར་ནས་ཕྱིར་ཐོན་པ།
    སློབ་མ་རྣམས་རྒྱུགས་ར་ནས་ཕྱིར་ཐོན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་7ཉིན། 2017ལོའི་མཐོ་རྒྱུགས་འགོ་ཚུགས་པ་དང་། རྒྱལ་ཡོངས་སུ་མཐོ་རྒྱུགས་སྤྲོད་མཁན་སློབ་མ་ཁྲི་940ཡོད་པ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རྒྱུགས་དཀྱུས་མ་ནི་གྲོང་ཁྱེར་དང་ས་ཁུལ་7དང་། ན་གོར་མོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དོན་གཅོད་ཁང་། བོད་ལྗོངས་མི་རིགས་སློབ་ཆེན། ཁྲེང་ཏུའུ་གྲོང་ཁྱེར་བཅས་སུ་རྒྱུགས་ལེན་ཁུལ་10དང་། རྒྱུགས་ལེན་ས་26 རྒྱུགས་ར་800ལྷག་བཅས་བཀོད་སྒྲིག་བྱས་ཡོད་ཅིང་། མཐོ་རྒྱུགས་དཀྱུས་མ་དང་རིགས་མཐུན་མཐོ་རིམ་ལས་རིགས་སློབ་གྲྭར་ཞུགས་རྒྱུའི་རྒྱུགས་སྤྲོད་སློབ་མ་ཁྱོན་28517ཡོད་པ་རེད། 
         གཞན་ཡང་། རྒྱལ་ཡོངས་ཀྱི་གཅིག་གྱུར་མཐོ་རྒྱུགས་མཇུག་བསྒྲིལ་རྗེས། བོད་རང་སྐྱོང་ལྗོངས་ཀྱིས་ཟླ་6ཚེས་9ཉིན་གྱི་སྔ་དྲོར་ད་དུང་བོད་ཡིག་རྒྱུགས་སྤྲད་དགོས་པ་དང་། སློབ་མ་19851རྒྱུགས་སྤྲོད་ལ་ཞུགས་རྒྱུ་རེད། 
    སློབ་མ་རྣམས་རྒྱུགས་ར་ནས་ཕྱིར་ཐོན་པ།
    སློབ་མ་རྣམས་རྒྱུགས་ར་ནས་ཕྱིར་ཐོན་པ།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།